དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཚོམས་ཆེན་དམར་པོའི་གླེང་སྟེགས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་འགྲོ་ལམ”གྱི་ཁའེ་ཕུའུ་ཏུན་གྱི་སྐད་ཆ་ཤོས་རེས་ཀྱི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-18

    འདི་ནི་ཟླ་11ཚེས་15ཉིན། ལྷོ་ཨ་ཧྥེ་རི་ཁའི་གྲོང་ཁྱེར་ཁའེ་ཕུའུ་ཏུན་ནས་པར་བརྒྱབ་པའི“ཚོམས་ཆེན་དམར་པོའི་གླེང་སྟེགས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་འགྲོ་ལམ”གྱི་ཁའེ་ཕུའུ་ཏུན་གྱི་སྐད་ཆ་ཤོས་རེས་ཀྱི་ཚོགས་ར་ཡིན་པ།

    ཚེས་15ཉིན། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཚན་ཞིབ་འཆར་འགོད་པུའུ་དང་། ཤིན་ཧྭ་གསར་འགྱུར་ཁང་ཞིབ་འཇུག་ཁང་། ཤིན་ཧྭ་གསར་འགྱུར་ཁང་ཨ་ཧྥེ་རི་ཁ་སྤྱི་ཁྱབ་ཡན་ལག་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“ཚོམས་ཆེན་དམར་པོའི་གླེང་སྟེགས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་འགྲོ་ལམ”གྱི་ཁའེ་ཕུའུ་ཏུན་གྱི་སྐད་ཆ་ཤོས་རེས་ཀྱི་ཚོགས་འདུ་ལྷོ་ཨ་ཧྥེ་རི་ཁའི་གྲོང་ཁྱེར་ཁའེ་ཕུའུ་ཏུན་དུ་འཚོགས་པ་རེད།

    ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་། པེ་ཅིང་སློབ་ཆེན། ལྷོ་ཨ་ཧྥེ་རི་ཁའི་ཇུས་འདོན་ཚོགས་པ་མང་པོ་བཅས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་དེ་བཞིན་ལྷོ་ཨ་ཧྥེ་རི་ཁའི་རྒྱལ་དམངས་གྲོས་ཚོགས་དང་སྨྱན་སྦྱོར་གྱི་འཐུས་མི་40ཙམ་གྱིས“འབོ་གསེར་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་དང་མ་འོངས་པའི་མཉམ་ལས་ཁ་ཕྱོགས”དང“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་གྱི་བསྡུར་བ”སོགས་ཀྱི་གྲོས་དོན་ལ་དམིགས་ནས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    ཀྲུང་གོའི་ཕྱི་འབྲེལ་པུའི་སྤྱི་པའི་ཕྱི་འབྲེལ་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁོང་ཝུའེ་ལིན་གྱིས། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་ཕན་པ་ཐོབ་པ་དང་། ཀྲུང་གོའི་འཕེལ་རྒྱས་འཛམ་གླིང་དང་ཁ་འབྲལ་ཐབས་མེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན། འབོ་གསེར་མཉམ་ལས་ལམ་སྲོལ་བཅས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་དེ་བས་རྒྱ་ཆེ་བའི་མཉམ་ལས་བྱེད་པར་གོ་སྐབས་གལ་ཆེན་གསར་པ་མཁོ་འདོན་ཐུབ་རྒྱུ་རེད་ཅེས་བརྗོད།

    ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་ཤིས་ཁའེ་ཕུའུ་རྒྱལ་སྤྱིའི་འབྲེལ་བའི་ཚོགས་ཆུང་ཨུ་ཡོན་ལྷན་ཁང་གི་ཝེ་སི་ལི·ཤིར་གྱིས། འདས་ཟིན་པའི་ལོ་བཞི་བཅུ་ལྷག་ཙམ་རིང་། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རྩོད་སྒྲུབ་ཀྱི་འབྲེལ་བ་གང་ལེགས་མངོན་པའི་དེང་རབས་ཅན་གྱི་ཐབས་ལམ་ཞིག་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།