དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2023ལོར་རྒྱལ་ཡོངས་ཀྱི་གློག་བརྙན་སྤ་སེ་བཙོངས་ཚད་སྒོར་དུང་ཕྱུར་500ལས་བརྒལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-18

    རྒྱལ་ཁབ་གློག་བརྙན་ཅུས་ཀྱི་གྲངས་གཞི་ལས་མངོན་པར། ཟླ་11ཚེས་14ཉིན་བར་2023ལོར་རྒྱལ་ཡོངས་ཀྱི་གློག་བརྙན་སྤ་སེ་བཙོངས་ཚད་སྒོར་དུང་ཕྱུར་500ལྷག་ཙམ་ཟིན་ནས་2022ལོར་རྒྱལ་ཡོངས་ཀྱི་གློག་བརྙན་སྤ་སེ་བཙོངས་པའི་བསྡོམས་འབོར་ལས་བརྒལ་བ་དང་གློག་བརྙན་ལྟ་མཁན་མི་ཐེངས་དུང་ཕྱུར་11.79ཟིན་ཡོད། 2023ལོར་རྒྱལ་ཡོངས་ཀྱི་གློག་བརྙན་སྤ་སེ་བཙོངས་པའི་ཁྲོད། རང་རྒྱལ་གློག་བརྙན་གྱི་སྤ་སེ་བཙོངས་ཚད་སྒོར་དུང་ཕྱུར་419.89ཟིན་ནས་བསྡུར་ཚད་བཟུང་ཚད་83.98%ཟིན་ཡོད། མིག་སྔའི་བར་2023ལོར་གློག་བརྙན་ཁག་58ཀྱི་སྤ་སེ་བཙོངས་ཚད་སྒོར་དུང་ཕྱུར་ལས་བརྒལ་བའི་ནང་སྤ་སེ་བཙོངས་ཚད་མདུན་གྲལ་བཅུ་པར་སླེབས་པ་ཚང་མ་རང་རྒྱལ་གྱི་གློག་བརྙན་ཡིན་པ་དང་སྤ་སེ་བཙོངས་ཚད་ཚང་མ་སྒོར་དུང་ཕྱུར་10ལྷག་ཙམ་ཟིན་ཡོད། རང་རྒྱལ་གྱི་གློག་བརྙན་ལྟ་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་ཀྲུང་གོའི་ལྟད་མོ་བའི་རིག་གནས་ཀྱི་གདེང་ཚོད་ཆེ་རུ་ཕྱིན་ཏེ། གློག་བརྙན་ཁྲོམ་ར་ལས་ཀྲུང་གོའི་རིག་གནས་ནང་དོན་གྱི་ཐོན་རྫས་དང་ཀྲུང་གོའི་ལྟད་མོ་བ་གཉིས་ཀ་འཕར་བ་གང་ལེགས་མཚོན་ཡོད་པ་རེད།

    རྒྱལ་ཡོངས་ཀྱི་གློག་བརྙན་སྤ་སེ་བཙོངས་ཚད་ཟམ་མི་ཆད་པར་མང་དུ་ཕྱིན་པ་དང་རང་རྒྱལ་གློག་བརྙན་གྱི་སྤ་སེ་བཙོངས་ཚད་མང་པོ་ཡོད་པ་དེས་ཕྱོགས་གཅིག་ནས་ཀྲུང་གོའི་གློག་བརྙན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པ་མཚོན་པ་དང་། ཕྱོགས་གཞན་ཞིག་ནས་ཀྲུང་གོའི་གློག་བརྙན་ལྟ་མཁན་གྱི་བློ་ཡིད་འཚིམ་ཚད་བརྟག་དཔྱད་ཀྱི་གྲངས་གཞི་ནས་ཀྱང་ལྟད་མོ་ལྟ་མཁན་གྱིས་རང་རྒྱལ་གྱི་གློག་བརྙན་ལ་དགའ་པོ་བྱེད་ཚད་མང་དུ་འགྲོ་བཞིན་ཡོད་པ་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།