རང་རྒྱལ་གྱི་འཕྲེད་ཚད་མཐོ་ཤོས་ཀྱི་ཉིང་རྡུལ་གློག་ཁང་སྐྲུན་འགོ་ཚུགས་པ།
གསར་འགོད་པར་ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ལེའོ་ཉིང་ཞུས་ཏ་པའོ་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་དང་པོའི་ཉིང་རྡུལ་གླིང་ཕྲན་ལས་གྲྭ་དངོས་སུ་སྐྲུན་འགོ་ཚུགས་ཏེ་ཨར་ལས་དུས་མཚམས་སུ་སླེབས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ལེའོ་ཉིང་ཞུས་ཏ་པའོ་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་དང་པོར་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ་1291ཟིན་རྒྱུ་དང་། གློག་ཁང་དེའི་ཇུས་འགོད་འཁོར་རྒྱུག་ལོ་60ཡིན་ཞིང་། འཕྲུལ་ཚན་དེར་རབས་གསུམ་པའི་ལག་རྩལ་ཡིན་པའི་རང་རྒྱལ་གྱིས་བཟོས་པའི་ཆུ་གནོན་སྒྲིག་ཆས་ཀྱི་བཟོ་དབྱིབས་སྤྱད་ཡོད་པས། བདེ་འཇགས་མ་ལག་རང་རྒྱལ་གྱིས་མིག་སྔར་སྤྱོད་བཞིན་པའི་ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་ཁྲིམས་སྲོལ་གྱི་ཚད་གཞིའི་རེ་བ་རྦད་དེ་སྐོང་ཐུབ་ནས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། འཕྲུལ་ཙུའུ་རྐྱང་པའི་འཛུགས་སྐྲུན་གྱི་སྤྱིའི་ལས་ཡུན་ལོ་5ཡིན་པ་དང་སྔོན་དཔག་བྱས་ན་2028ལོར་གློག་གཏོང་འགོ་ཚུགས་རྒྱུ་རེད།