དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀན་སུའུ་འབྲུག་ཆུའི་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཤིང་ཏོག་ཨ་མྲས་ཞིང་པར་འབབ་འཕར་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-17

    ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབྲུག་ཆུ་རྫོང་གི་གྲོང་མི་ཚོས་ཤིང་ཏོག་ཨ་མྲ་བསྡུ་བ་དང་། གྲིབ་སྐམ་གཏོང་བ། ཤིང་ཏོག་ཨ་མྲའི་ཨ་རག་དང་བག་ལེབ་བཟོས་ནས་ཁྲོམ་རར་མཁོ་འདོན་བྱེད་ཀྱི་ཡོད། ས་གནས་དེ་གར་ཤིང་ཏོག་ཨ་མྲ་འདེབས་པར་ལོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། རྫོང་ཡོངས་སུ་འདེབས་ཁྱོན་མུའུ་500ཙམ་ཟིན་གྱི་ཡོད། དྲ་ཐོག་དང་དྲ་ཕྱིའི་ཐབས་ལམ་བརྒྱུད་ནས་བཙོངས་པས་གྲོང་མིར་འབབ་འཕར་ཕྱུག་འགྱུར་དང་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་བྱུང་ཡོད།

    འདི་ནི་ཟླ་11ཚེས་14ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབྲུག་ཆུ་རྫོང་གླུ་རྩེད་གྲོང་རྡལ་རྩེ་སྡེ་གྲོང་ཚོར་གྲོང་མིས་ཤིང་ཏོག་ཨ་མྲའི་ཨ་རག་སྙོལ་རྩིས་བྱེད་བཞིན་པ།

    འདི་ནི་ཟླ་11ཚེས་14ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབྲུག་ཆུ་རྫོང་གླུ་རྩེད་གྲོང་རྡལ་རྩེ་སྡེ་གྲོང་ཚོར་གྲོང་མིས་ཤིང་ཏོག་ཨ་མྲ་སྐེམ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།