དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་གྲབས་གསོག་བྱས་པའི་གེགས་འགོག་ཕྱུགས་སྲུང་གི་གཟན་རྩྭ་ཏུན་ཁྲི་400ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-17

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་13ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གིས་གྲབས་གསོག་བྱས་པའི་གེགས་འགོག་ཕྱུགས་སྲུང་གི་གཟན་རྩྭ་ཏུན་ཁྲི་400ལྷག་ཙམ་ཟིན་པའི་ནང་ཞིང་ཆེན་རིམ་པའི་གཟན་རྩྭ་རིམ་རྩིས་བྱས་ན་ཏུན་ཁྲི་8.1གཏོང་འདྲེན་བྱས་པ་དེས་དམིགས་ཚད་ལས་འགན་གྱི་62.2%ལེགས་སྒྲུབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་པས་གཟན་རྩྭ་ཏུན་ཁྲི་397.05གྲབས་གསོག་བྱས་ཡོད།

    འདི་ལོ་ཚུན་དུ་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་གྲོང་གསེབ་ཐིང་གིས་སྔ་ཙམ་འཆར་འགོད་དང་བཀོད་སྒྲིག་བྱས་ནས་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་གེགས་སེལ་མ་དངུལ་སྒོར་ཁྲི་2400སྔ་རྗེས་སུ་དོན་འཁྱོལ་བྱས་ཤིང་། ཞིང་ཆེན་རིམ་པའི་གཟན་རྩྭ་ཏུན་ཁྲི་13.36གཏོང་འདྲེན་གྲབས་གསོག་བྱས་པ་དེ་དག་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཀྲོའུ)6གི་རྫོང(གྲོང་ཁྱེར)31དང་། ཞིང་ཆེན་འབྲི་གཡག་གསོ་སྤེལ་ཁྱབ་གདལ་ཞབས་ཞུའི་ལྟེ་གནས། ཞིང་ཆེན་ལུག་ཐུག་གསོ་སྤེལ་ཁྱབ་གདལ་ཞབས་ཞུའི་ལྟེ་གནས་བཅས་དང་འབྲེལ་བ་ཡོད་པ་རེད། ཟླ་10པའི་གཟན་རྩྭ་གྲབས་གསོག་བྱེད་མང་བའི་དུས་སུ་སླེབས་སྐབས་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་ཆེད་དོན་བརྙན་ལམ་ཚོགས་འདུ་འཚོགས་ནས་མིག་སྔ་དང་འདི་ལོའི་དགུན་དུས་དང་ཕྱི་ལོའི་དཔྱིད་དུས་ཀྱི་འབྲོག་ལས་ཀྱི་གྲང་འགོག་ཕྱུགས་སྲུང་གི་གཙོ་གནད་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། ས་གནས་ཁག་དང་སྡེ་ཚན་ཁག་གིས་གནོད་འཚེའི་ཉེན་ཟོན་སྔོན་བརྡའི་ལྟ་ཞིབ་ཚད་ལེན་སྔར་བས་ཆེ་རུ་གཏོང་བར་ལྟ་སྐུལ་བྱེད་པ་དང་། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱེད་པ། གཟན་རྩྭ་གྲབས་གསོག་གི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་པ་དང་འབྲེལ་དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་འབྲོག་པའི་གཟན་རྩྭ་གསོག་འཇོག་མང་ཙམ་བྱེད་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་ནས་གཟན་རྩྭ་གྲབས་གསོག་བྱེད་ཚད་ཀྱིས་ཕྱུགས་རིགས་ཀྱི་ཉིན་7ཡན་གྱི་གཟན་རྩྭའི་དགོས་མཁོ་སྐོང་ཐུབ་པའི་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།