2023ལོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞིང་ལས་ཐོན་རྫས་ཀྱི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་100ཡན་ཟིན་རེ་ཡོད་པ།
ཤིན་ཧྭ་གསར་འགྱུར་ཁང་སན་ཡཱ་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། 2023ལོར་ཀྲུང་ཧྥེའི་ཞིང་ལས་ཐོན་རྫས་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་100ཡན་ཟིན་རེ་ཡོད་པ་ལོ་བཅུའི་གོང་ལས་ལྡབ་གཅིག་ཙམ་འཕར་ཡོད། རྗེས་སོར་ལོ་བཅུར། ཀྲུང་ཧྥེའི་ཞིང་ལས་ཐོན་རྫས་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་200ཡན་ཟིན་པའི་བརྩོན་ལེན་བྱེད་ཀྱི་ཡོད་པ་རེད།
དེ་ནི་ཚེས་14ཉིན་ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་ཐང་རེན་ཅན་གྱིས་ཧའེ་ནན་སན་ཡཱ་རུ་འཚོགས་པའི་ཀྲུང་ཧྥེའི་ཞིང་ལས་མཉམ་ལས་གླེང་སྟེགས་སྐབས་གཉིས་པར་ངོ་སྤྲོད་བྱས་པ་ཞིག་རེད།
ཐང་རེན་ཅན་གྱིས་གླེང་སྟེགས་ལ་ཉེ་བའི་ལོ་ཤས་རིང་ཀྲུང་གོས་ཨ་ཧྥེ་རི་ཁ་ནས་ནང་འདྲེན་བྱས་པའི་ཁྱད་ལྡན་ཞིང་ལས་ཐོན་རྫས་སྤུས་ལེགས་ཀྱི་གཞི་ཁྱོན་མགྱོགས་མྱུར་འཕར་ནས་རིམས་ནད་ཐོན་རིང་ལོར་ཆ་སྙོམས་10%ཡན་གྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་ཡོད། 2021ལོའི་ལོ་མཇུག་བར་ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁར་ཞིང་ལས་དང་འབྲེལ་བ་ཡོད་པར་མ་དངུལ་འཇོག་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་128ཟིན་ནས་ལོར་ཆ་སྙོམས་11.4%འཕར་བ་དང་མི་ཁྲི་3ལྷག་ཙམ་གྱི་ལས་ཞུགས་ལ་སྐུལ་ཁྲིད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧྥེའི་ཞིང་ལས་ཚོང་དོན་དང་མ་དངུལ་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྲུང་གོར་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་དང་ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཚོང་འདུས་སོགས་ལ་ཞུགས་པར་མུ་མཐུད་སྟབས་བདེ་སྐྲུན་པ་དང་། ཞིང་ལས་མཉམ་ལས་གླིང་ཁུལ་མཉམ་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ནས་རྗེས་སོར་ལོ་བཅུའི་ནང་ཀྲུང་ཧྥེའི་ཞིང་ལས་ཐོན་རྫས་ཚོང་དོན་དངུལ་འབོར་སླར་ཡང་ལྡབ་གཅིག་འཕར་ནས་ཨ་སྒོར་དུང་ཕྱུར་200ཡན་ཟིན་པའི་བརྩོན་ལེན་བྱེད་ཀྱི་ཡིན། ཀྲུང་གོ་ཕྱོགས་ཀྱིས་གཉེར་སྐྱོང་བྱེད་པོ་དེ་བས་མང་བ་ཨ་ཧྥེ་རི་ཁར་བསྐྱོད་དེ་མ་རྩ་མཉམ་འཇོག་གི་མཉམ་ལས་སོགས་ཀྱི་བྱེད་ཐབས་བརྒྱུད་ཞིང་ལས་མིན་པར་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བའི་ལྕག་སྐུལ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།