དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

    ​—— ཨེ་ཅིབ་ཀྱི་ཨ་རབ་ཞིབ་འཇུག་ལྟེ་གནས་ཀྱི་བློ་འདྲི་བ་ཏི་ཕུའུ་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཧྲེན་ཏན་ལིན་དང་ཡའོ་པིང་།   |     སྤེལ་དུས།  2023-11-17

    ཨེ་ཅིབ་ཀྱི་ཨ་རབ་ཞིབ་འཇུག་ལྟེ་གནས་ཀྱི་བློ་འདྲི་བ་དང་། རྒྱལ་སྤྱིའི་འབྲེལ་བ་དང་ཆབ་སྲིད་དཔལ་འབྱོར་ཞིབ་འཇུག་གི་རིགས་གཅིག་མཁས་ཅན་ཨ་པུ་པེ་ཁེར་ཏི་པུས་ཉིན་ཤས་གོང་ཁེ་རོར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་མཐའ་འཁྱོངས་གཏོང་བའི་བྱ་ཐབས་ཁག་གིས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད་ཅེས་ནན་བཤད་བྱས་པ་རེད།

    ཏི་ཕུའུ་ཡིས་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་འཕར་བ་དང་འབྲེལ་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དམིགས་ཡུལ་དུ་བྱེད་པའི་གྲོས་འགོ་མང་པོ་བཏོན་པས་རྒྱལ་སྤྱིའི་རོགས་ཟླར་དེ་ནས་ཕན་པ་ཐོབ་ཡོད། ལོ་མང་རིང་གི་ཀྲུང་གོའི་སྒོ་དབྱེའི་གྲུབ་འབྲས་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་ལ་འཛམ་གླིང་གིས་ཁས་ལེན་རྒྱ་ཁྱབ་བྱེད་ཀྱི་ཡོད་ཅེས་བརྗོད།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཉིན་བཞིན་ཟབ་ཏུ་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ཏི་ཕུའུ་ཡིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཀྲུང་གོས་རོགས་རམ་བྱེད་བཞིན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།