དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2012ལོ་ནས་2022ལོའི་བར་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ལུས་རྩལ་དགེ་རྒན་ཁྲི་43ནས་ཁྲི་70བར་མང་དུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-17

    འདི་ག་ཚགས་པར་ཁང་དུ་ནན་ཉིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཡོངས་ཀྱི་སློབ་མའི(གཞོན་ནུ)ལུས་རྩལ་འགྲན་ཚོགས་ཀྱི་ཚན་རིག་དཔྱད་རྩོམ་སྙན་ཞུའི་ཚོགས་འདུ་སྐབས་དང་པོ་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་སློབ་གྲྭའི་ལུས་རྩལ་ལ་འགྱུར་ལྡོག་ཧུར་ཐག་འགྲོ་བཞིན་ཡོད་པ་ལས་སློབ་གཉེར་ཆ་རྐྱེན་ལེགས་སུ་ཕྱིན་ཡོད། གྲངས་གཞི་ལས་མངོན་པར། 2012ལོ་ནས་2022ལོའི་བར་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ལུས་རྩལ་དགེ་རྒན་ཁྲི་43ནས་ཁྲི་70བར་མང་དུ་ཕྱིན་ནས་62.8%འཕར་ཡོད། སློབ་གྲྭའི་ལུས་རྩལ་ཐང(ཁང)གི་རྒྱ་ཁྱོན་ཚད་ལོན་པའི་བསྡུར་གྲངས་51%ནས་94.1%བར་མཐོ་རུ་ཕྱིན་པ་དང་། ལུས་རྩལ་ཡོ་ཆས་བཀོད་སྒྲིག་ཚད་ལོན་གྱི་སློབ་གྲྭའི་བསྡུར་གྲངས་52%ནས་97.3%བར་མཐོ་རུ་ཕྱིན་ནས་སློབ་གྲྭའི་ལུས་རྩལ་སྒྱུར་བཅོས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་རྨང་གཞིའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

    སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། ཉེ་ལམ་ལོ་ཤས་རིང་། རྒྱལ་ཁབ་ཀྱི་ཚད་མཐོའི་མཐོང་ཆེན་དང་རྒྱལ་ཁབ་ཕྱི་ནང་གི་འགྲན་བསྡུར་བྱེད་སྒོ་གལ་ཆེན་གྱི་སྐུལ་ཁྲིད་འོག སྤྱི་ཚོགས་ཡོངས་སུ་ལུས་རྩལ་ལ་སེམས་ཁུར་དང་མཐོང་ཆེན་བྱེད་པའི་ཚ་རླབས་འཕྱུར་ནས་སློབ་མའི་ལུས་སེམས་བདེ་ཐང་ལ་སྔར་ན་མེད་པའི་མཐོང་ཆེན་བྱས་ཡོད། སློབ་གྲྭའི་ལུས་རྩལ་གྱི་སྲིད་ཇུས་མ་ལག་དང་སློབ་ཁྲིད་མ་ལག་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ནས་སློབ་གྲྭའི་ལུས་རྩལ་དེང་རབས་ཅན་གྱི་2035ལོ་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་གྱི་འཆར་འགོད་རྩ་གནད་ནང་བཅུག་པ་དང་འབྲེལ། དུས་རབས་གསར་པའི་སློབ་གྲྭའི་ལུས་རྩལ་ལས་དོན་གྱི་བསམ་འཆར་དང་ལུས་རྩལ་དང་སློབ་གསོ་མཉམ་འདྲེས་ཀྱི་ཡིག་ཆ་བཀྲམ་སྟེ་སློབ་གྲྭའི་ལུས་རྩལ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“ཀ་བཞི་གདུང་བརྒྱད”ཀྱི་ལམ་སྲོལ་བཙུགས་ཡོད་པ་རེད།

    ལུས་རྩལ་སློབ་ཁྲིད་སྒྱུར་བཅོས་ཐད་སློབ་ཁྲིད་མ་ལག་དེ་བས་འཐུས་སྒོ་ཚང་བ་དང་། སློབ་ཁྲིད་དམིགས་ཚད་དེ་བས་ཁ་གསལ་བ། སློབ་ཁྲིད་བྱེད་སྟངས་དེ་བས་ཕུན་སུམ་ཚོགས་པ་བཅས་བྱུང་ནས“བདེ་ཐང་ཤེས་བྱ་དང་། གཞི་རྩའི་ལུས་རྩལ་རྩལ་ནུས། ཆེད་དོན་ལུས་རྩལ་རྩལ་ནུས”བཅས་ཟུང་འབྲེལ་གྱི་སློབ་ཁྲིད་བྱེད་སྟངས་ཤིག་རགས་ཙམ་གྲུབ་ནས་སྐོར་སྐྱོད་སློབ་ཚན་ཉན་པའི་ལམ་ལུགས་ཀྱི་སློབ་ཁྲིད་དང་རོལ་རྩེད་ཁང་ལམ་ལུགས་ཀྱི་སློབ་ཁྲིད་སོགས་ཀྱི་སློབ་ཁྲིད་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་ཐེབས་ཡོད། གྲངས་གཞི་ལས་མངོན་པར། སློབ་མའི་གཟུགས་གཞི་བདེ་ཐང་གི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་ཕྱིན་ནས་བདེ་ཐང་ཡིན་ཚད་2016ལོའི་26.5%ནས་2021ལོའི་38.5%བར་མཐོ་རུ་ཕྱིན་ཡོད་པ་རེད།

    གོམ་སྟབས་རྗེས་མར་སློབ་གསོ་པུས་སློབ་གྲྭའི་ལུས་རྩལ་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་སྟེ་ས་གནས་ཁག་གི་སློབ་གྲྭ་ཁག་ལ་ལུས་རྩལ་སློབ་ཚན་བཀོད་སྒྲིག་འདང་ངེས་དང་ཡག་པོ་འཚོག་རྒྱུར་མཛུབ་ཁྲིད་བྱས་ནས་སློབ་མར་ཉིན་ལྟར་སློབ་གྲྭའི་ཕྱི་ནང་དུ་ཆུ་ཚོད་1གི་ལུས་རྩལ་བྱེད་སྒོའི་དུས་ཚོད་ཡོད་པའི་འགན་ལེན་ཤུགས་ཆེན་བྱས་ཏེ་ལུས་རྩལ་དང་སློབ་གསོ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སློབ་མའི་འགྲན་བསྡུར་མ་ལག་བསྐྲུན་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ལུས་རྩལ་གྱི་སྲོལ་རྒྱུན་དང་ཁྱད་ཆོས་ལྡན་པའི་སློབ་གྲྭ་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ། སློབ་གྲྭའི་རྐང་རྩེད་སྤོ་ལོ་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་སློབ་གྲྭའི་ལུས་རྩལ་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།