དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཆབ་མདོ་གྲོང་ཨུད་ལས་བྱེད་རྒན་གྲས་ཅུས་ཀྱིས།

    གཞི་རིམ་གྱི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-17

    ཉིན་ཤས་གོང་། ཆབ་མདོ་གྲོང་ཨུད་ལས་བྱེད་རྒན་གྲས་ཅུས་ཀྱི་འཚམས་འདྲི་ཚོགས་ཆུང་བྲག་གཡབ་རྫོང་དུ་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་རྒན་གྲས་ལ་འཚམས་འདྲི་བྱེད་པར་བསྐྱོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འཚམས་འདྲི་ཚོགས་ཆུང་གིས་བྲག་གཡབ་རྫོང་དུ་ཡོད་པའི་ལས་བྱེད་པ་རྒན་གྲས་དང་ལོ་80ཡན་གྱི་ལས་བྱེད་པ་རྒན་གྲས་ཚོར་འཚམས་འདྲི་ཞུས་ཏེ། ཁོང་ཚོར་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་ཀྱི་བྱམས་བརྩེའི་ཐུགས་ཁུར་དང་འཚམས་འདྲི་བརྒྱུད་ཞུ་བྱས་པ་དང་། ལས་བྱེད་པ་རྒན་གྲས་དང་གླེང་མོལ་བྱས་ནས་ཁོང་ཚོའི་གཟུགས་པོའི་གནས་ཚུལ་དང་། ཁྱིམ་ཚང་གི་གནས་ཚུལ། བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་བཅས་ཀྱི་སྐོར་ནས་ཞིབ་ཕྲ་དྲིས་པ་མ་ཟད། ཁོང་ཚོར་འཚམས་འདྲིའི་དངུལ་དང་འཚམས་འདྲིའི་ཅ་དངོས་ཀྱང་སྤྲད་པ་རེད།

    བྲག་གཡབ་རྫོང་དུ་འཚམས་འདྲི་བྱེད་རིང་། འཚམས་འདྲི་ཚོགས་ཆུང་གིས་ད་དུང་བྲག་གཡབ་རྫོང་གྲོང་གི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་ཀྲི་པུའི་བཞུགས་མོལ་ཚོགས་འདུ་སྒྲིག་འཛུགས་ཀྱིས་འཚོགས་པ་རེད། བཞུགས་མོལ་ཚོགས་འདུའི་ཐོག འཚམས་འདྲི་ཚོགས་ཆུང་གིས་དང་ཐོག་བྲག་གཡབ་རྫོང་གྲོང་གི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་ཀྲི་པུའུ་ཡི་ཁོངས་མིར་ཁ་བཏགས་གཡོགས་པ་དང་འཚམས་འདྲིའི་དངོས་པོ་སྤྲད་པ་མ་ཟད། ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་ཀྲི་པུའུ་ལ་འཚམས་འདྲིའི་དངུལ་ཡང་སྤྲད་པ་རེད། བྲག་གཡབ་རྫོང་གི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྤེལ་ཚུལ་སྐོར་གྱི་བྲག་གཡབ་རྫོང་ཨུད་རྩ་འཛུགས་པུའི་ལས་བྱེད་རྒན་གྲས་ཀྱི་ལས་དོན་ཁག་བགོས་འགན་འཁུར་བློ་མཐུན་གྱི་སྙན་སེང་དང་། ཏང་ཀྲི་པུའི་ལས་དོན་སྤེལ་ཚུལ་སྐོར་གྱི་བྲག་གཡབ་རྫོང་གྲོང་གི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་ཀྲི་པུའི་ཧྲུའུ་ཅིའི་ངོ་སྤྲོད་ལ་ཉན་པ་དང་། ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་དང་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣའི་ཏང་འཛུགས་སྐྱོང་དང་བརྗོད་དོན་གཙོ་བོའི་སློབ་གསོ་སོགས་ལས་དོན་སྐོར་གྱི་ཏང་ཀྲི་པུའི་ཁོངས་མིའི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་མ་ཟད། ཁོང་ཚོས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཐད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། རྒྱ་ཆེའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་ཡོན་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་རང་གཤིས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འགན་འཁུར་གྱི་རང་གཤིས་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ལས་གནས་ལས་བྲལ་ཡང་ཏང་དང་མི་འབྲལ་བ་དང་རྒན་ཡོལ་ཞུས་ཀྱང་སྙིང་སྟོབས་མི་ཉམས་པར་བྱ་རྒྱུའི་རེ་བ་ཡོད་ལུགས་བརྗོད་པ་རེད།

    བློ་མཐུན་རྒན་གྲས་ཚོས། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མུ་མཐུད་ཐབས་དང་ཇུས་འདོན་པ་དང་ནུས་པ་ལྷག་མ་འདོན་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།