དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས།

    རྒན་རྒོན་ལ་གཅེས་སེམས་འོས་འགན་སྨན་བཅོས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-17

    ཉིན་ཤས་གོང་བྲག་ཡིབ་ཆུས་ཀྱི་གྲོང་སྡོད་གཞུང་དོན་ཁང་གིས་སྣེ་ཁྲིད་སྒྲིག་འཛུགས་བྱས་པ་བརྒྱུད། བྲག་ཡིབ་གྲོང་རྡལ་བྲག་ཕྱི་གྲོང་ཚོའི་ཏང་ཀྲི་པུའུ་དང་ཆེས་བྲིན་བོད་སྨན་ཏང་ཀྲི་པུའུ་ཡིས“སྨན་དང་སྨན་བཅོས་གཞི་རིམ་དུ་སྐྱེལ། བརྩེ་སེམས་ཟབ་མོས་དམངས་སེམས་དྲོ་བར་བྱེད”ཅེས་པའི་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་དེ་ནི་བོད་ལྗོངས་ཆེས་བྲིན་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་ཀྱི་བོད་ལུགས་གསོ་རིག་རིགས་གཅིག་མཁས་ཅན་གྱིས་སྣེ་ཁྲིད་པ་དང་། གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་འོས་འགན་སྨན་བཅོས་དང་། བདེ་ཐང་བློ་འདྲི་དང་སྨན་སྤྲོད་པ་སོགས་ཀྱི་ཞབས་འདེགས་ཞུས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་བདེ་ཐང་བློ་འདྲི་དང་དེ་བཞིན་སྨན་བཅོས་བྱེད་པར་ཡོང་མཁན་གྱི་མང་ཚོགས་རྒྱུན་ཆད་རྒྱུ་མེད་ལ། སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་ངང་རྒྱུད་རིང་པོས་སྨན་བཅོས་བྱེད་པར་ཡོང་མཁན་ཚོར་རྩ་ལྟ་བ་དང་། ཁྲག་ཤེད་འཇལ་བ། གསེར་ཁབ་རྒྱག་པ་སོགས་བྱས་པ་མ་ཟད། ཁོང་ཚོའི་གཟུགས་པོའི་གནས་ཚུལ་ཞིབ་ཕྲ་དྲིས་པ་དང་དོ་སྣང་བྱེད་དགོས་པའི་དོན་གནད་འགྲེལ་བཤད་བརྒྱབ་ཅིང་། རྒྱུན་མཐོང་ནད་དང་ཐོན་མང་བའི་ནད་སྔོན་འགོག་སྨན་བཅོས་དང་དུས་མཇུག་གི་དཀའ་གནད་སྐོར་གྱི་དྲི་བར་ལན་ནན་ཏན་བརྒྱབ་པ་རེད། བརྟག་དཔྱད་བྱེད་སྐབས་ནད་བརྟག་ཅུང་ཡོད་པའི་མི་ལ་ལུགས་མཐུན་གྱི་བཟའ་བཏུང་དང་། སྨན་བཅོས། དེ་བཞིན་ནད་བརྟག་སྨན་བཅོས་བཅས་ཀྱི་གྲོས་འགོ་བཏོན་པ་དང་འབྲེལ། ངང་རྒྱུད་རིང་པོས་སྨན་གཏོང་སྟངས་འགྲེལ་བཤད་བརྒྱབ་ལ། ཁོང་ཚོར་སྔ་ཙམ་ནས་སྔོན་འགོག་དང་། སྔ་ཙམ་ནས་བརྟག་དཔྱད། སྔ་ཙམ་ནས་སྨན་བཅོས་བཅས་བྱས་ཏེ། རང་ངོས་ཀྱི་བདེ་ཐང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས་པའི་དྲན་སྐུལ་བྱས་པ་རེད།

    དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་ལས་བྲག་ཕྱི་གྲོང་ཚོའི་མང་ཚོགས་རྣམས་ཕྱིར་སྐྱོད་མི་དགོས་པར་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་ནས། མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྣང་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་ཡུལ་དུ་སྨན་རིན་མི་དགོས་པར་བོད་སྨན་སྣ་ཁ་80ལྷག་ཙམ་སྤྲད་པ་དང་། སྨན་རྫས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི་1ལྷག་ཙམ་ཟིན་ནས་མང་ཚོགས་150ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

    “ང་ཚོ་རྒན་རྒོན་ཚོས་སྒོ་འགྲམ་དུ་སྨན་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱེད་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་པས། དངོས་གནས་དྲོ་སྐྱིད་ཚོར་བྱུང”ཞེས་བྲག་ཕྱི་གྲོང་ཚོའི་གྲོང་མི་ཕུར་བུ་བཀྲ་ཤིས་ཀྱིས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།