དྲོད་ཁང་ཆེན་པོར་ཤ་མོའི་ཐོན་འབབ་ཡག་པོ་བྱུང་བ།
ཉེ་བའི་ལོ་ཤས་རིང་། ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ཏ་ཡུས་རྫོང་ཧོ་ཏུང་ཤང་ཁྲང་ལིང་གྲོང་ཚོས་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ཏེ“ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་སྤྱད་ནས། གྲོང་ཚོའི་མཉམ་སྡེབ་ཀྱིས་སྣེ་ཁྲིད་དང་ཏང་ཡོན་གྱིས་ཞིང་དུད་ལ་དཔེ་སྟོན་སྣེ་ཁྲིད་བྱས་པ་བརྒྱུད། ཤ་མོ་དང་མོག་རོ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བྱུང་ནས་གྲོང་ཚོའི་མཉམ་སྡེབ་དང་ཞིང་དུད་ལ་འབབ་འཕར་བྱུང་ཡོད།
འདི་ནི་2023ལོའི་ཟླ་11ཚེས་14ཉིན། ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ཏ་ཡུས་རྫོང་ཧོ་ཏུང་ཤང་ཁྲང་ལིང་གྲོང་ཚོའི་དྲོད་ཁང་ཆེན་པོར་གྲོང་མིས་ཤ་མོ་བསྡུ་བཞིན་པ།