བོད་ལྗོངས་མཛེས་རྩལ་ཁང་སྒོ་མོ་འབྱེད་པའི་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོ་ལྷ་སར་འཚོགས་པ།
ཚེས་15ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་མཛེས་རྩལ་ཁང་དང་བོད་རང་སྐྱོང་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི“མཐོ་སྒང་གི་མཛེས་རྩལ། བོད་ལྗོངས་མཛེས་རྩལ་ཁང་སྒོ་མོ་འབྱེད་པའི་འགྲེམས་སྟོན”གྱི་འགོ་ཚུགས་མཛད་སྒོ་ལྷ་སར་འཚོགས་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ཤིས་ཚིག་བསྒྲོན་པ་དང་འབྲེལ་འགྲེམས་སྟོན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲེ་ཐའོ་ཚོགས་འདུར་ཞུགས་པ་རེད།
དབང་ཧའེ་ཀྲོའུ་ཡིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རིག་གནས་རྒྱལ་ཁབ་སྟོབས་ཆེན་སྐྲུན་རྒྱུ་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་གནས་བབ་གལ་ཆེན་ཐོག་བཞག་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ང་ཚོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་མཛུབ་ཁྲིད་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་གསར་གཏོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས། རིག་གནས་སྟོབས་ཆེན་ཁུལ་བསྐྲུན་རྒྱུ་དམིགས་ཚད་ལས་འགན་དུ་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་བོད་ལྗོངས་མཛེས་རྩལ་ཁང་གི་ནུས་པ་འཛུགས་སྐྱོང་ཡག་པོ་དང་། བེད་སྤྱོད་ཡག་པོ། འདོན་སྤེལ་ཡག་པོ་བཅས་བྱེད་པ་དང་། ཕུལ་བྱུང་གི་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་དང་འདོན་པ། རང་ལྗོངས་ཀྱི་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ང་ཚོའི་དུས་རབས་འདིར་དབང་བའི་རིག་གནས་གསར་པ་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་གཏོད་པར་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།