དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

    སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་འབྲེལ་བ་གལ་ཆེན་འགའ་ཞིག་ཐག་གཅོད་བྱེད་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-17

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་22པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་འབྲེལ་བ་གལ་ཆེན་འགའ་ཞིག་ཐག་གཅོད་བྱེད་དགོས》བཀོད་ཡོད་པ་རེད།

    རྩོམ་ཡིག་ནང་ནན་བཤད་བྱས་དོན། དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལག་ལེན་ལ་སྐུལ་འདེད་གཏིང་ཟབ་ཐེབས་པ་དང་ཆབས་ཅིག ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱེད་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་ཡོད། དུས་རབས་གསར་པའི་ལོ་བཅུའི་རིང་གི་ལག་ལེན་གྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་པ་དང་། མིག་སྔར་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དབྱེ་ཞིབ་བྱེད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱེད་པར། ངེས་པར་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། འབྲེལ་བ་གལ་ཆེན་འགའ་ཞིག་ཐག་གཅོད་ཡང་དག་བྱེད་དགོས།

    རྩོམ་ཡིག་ནང་འཁོད་དོན། གཅིག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ནི་གཅིག་ལ་གཅིག་བརྟེན་དང་གཅིག་ངོ་གཅིག་བརྒྱན་རེད། ཆུ་ཚད་མཐོ་བའི་སྲུང་སྐྱོང་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ནི་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ཚེ་གཞི་ནས་མངོན་འགྱུར་ཡོང་ཐུབ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་གི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་སྟངས་འཛིན་ཡག་པོ་བྱེད་དགོས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ཀྱི་ཐོག་ནས་འཕེལ་རྒྱས་ལ་ཇུས་འགོད་བྱས་ཏེ།ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞིར་བྱས་ནས་རང་རྟོགས་ངང་དཔལ་འབྱོར་གྱི་བྱེད་སྒོ་དང་མིའི་བྱ་སྤྱོད་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་གིས་ཐེག་ཐུབ་པའི་ཚད་གཞིའི་ནང་ཚོད་འཛིན་བྱེད་དགོས། ཆུ་ཚད་མཐོ་བའི་སྲུང་སྐྱོང་བརྒྱུད་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ། ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་དཔལ་འབྱོར་མ་ལག་ཧུར་ཐག་སྐྲུན་པ་དང་། འཕེལ་རྒྱས་ཀྱི་ཐོན་ཁུངས་ཁོར་ཡུག་གི་རིན་དོད་དམའ་རུ་ནུས་ལྡན་གཏོང་བ། འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་དང་གཏིང་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་བྱེད་དགོས།

    རྩོམ་ཡིག་ནང་འཁོད་དོན། གཉིས་ནས་གཙོ་གནད་འགག་སྒྲོལ་དང་མཐུན་སྦྱོར་བཅོས་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ཤིང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་པ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས། ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོའི་རྙོག་འཛིང་རང་བཞིན་དང་། སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན། རང་བྱུང་ས་གཤིས་སྡེ་ཚན་གྱི་རྒྱུན་མཐུད་རང་བཞིན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱུན་མཐུད་ཆོག་པའི་རང་བཞིན་བཅས་ལ་སྤྱི་འདོམས་བསམ་གཞིག་བྱེད་དགོས། མ་ལག་གི་འདུ་ཤེས་མཐའ་འཁྱོངས་ཀྱིས་འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོར་དམ་འཛིན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ལ་བྱ་ཐབས་ནུས་ལྡན་སྤྱོད་པ་དང་དུས་མཚུངས་དམིགས་ཚད་མཉམ་སྒྲུབ་དང་། སྦགས་བཙོག་དངོས་པོ་མང་པོར་ཚོད་འཛིན་མཉམ་སྒྲུབ། སྡེ་ཚན་མཉམ་སྒྲུབ་། ས་ཁོངས་མཉམ་སྒྲུབ། སྲིད་ཇུས་མཉམ་སྒྲུབ་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་དོན་ཁག་གི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཉམ་སྒྲུབ་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མིག་སྔར། ངེས་པར་དུ་འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས་བྱས་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་ཡག་པོ་རྒྱག་དགོས།

    རྩོམ་ཡིག་ནང་འཁོད་དོན། གསུམ་ནས་རང་བྱུང་སླར་གསོ་དང་མི་ཐབས་ཉམས་གསོའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ཤིང་། དང་ཐོག་རང་བྱུང་ལ་བརྩི་འཇོག་གང་ལེགས་བྱེད་པ་དང་དེར་བསྟུན་ནས་རང་བྱུང་ལ་སོར་ཆུད་སྐྱེ་འཕེལ་གྱི་དུས་ཚོད་དང་བར་མཐོངས་འདང་ངེས་སྤྲོད་དགོས་པ་དང་རང་བྱུང་གི་སྟོབས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་མ་ལག་དོ་སྙོམས་ཡོང་བར་བྱེད་དགོས། དེ་དང་དུས་མཚུངས་རང་བྱུང་སླར་གསོའི་བཀག་རྒྱ་དང་མཐར་ཟད་ཀྱིས་མི་ཐབས་ཉམས་གསོར་བླང་བྱ་དེ་བས་མཐོ་བ་བཏོན་ཡོད་ལ། བྱས་རྗེས་ཧུར་ཐག་འཇོག་པའི་བར་མཐོངས་ཀྱང་བཞག་ཡོད། རང་བྱུང་སླར་གསོ་དང་མི་ཐབས་ཉམས་གསོ་གཅིག་གྱུར་དམ་ཟབ་བྱས་ཏེ། ཡུལ་བབ་དང་དུས་བབ་དང་བསྟུན་པ་དང་ཁུལ་དབྱེ་རིགས་དབྱེའི་སྒོ་ནས་ཇུས་བསྟར་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ཐག་གཅོད་ཇུས་གཞི་ཡག་ཤོས་ཧུར་ཐག་འཚོལ་དགོས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱེད་པ་དང་། རི་རྩེ་ནས་རྒྱ་མཚོའི་བར་གྱི་སྲུང་སྐྱོང་དང་བཅོས་སྐྱོང་གི་བཀོད་པ་ཆེན་པོ་གཏོད་པ། རང་བྱུང་སླར་གསོ་དང་མི་ཐབས་ཉམས་གསོའི་བྱ་ཐབས་གཉིས་ཕྱོགས་ཏུ་བསྡུས་ནས་སྤྱོད་པ་བཅས་བྱས་ཏེ། སྐྱེ་ཁམས་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་དགོས།

    རྩོམ་ཡིག་ནང་འཁོད་དོན། བཞི་ནས་ཕྱི་རོལ་གྱི་གཅུན་འདོམས་དང་ནང་སྐྱེས་ཀྱི་སྒུལ་ཤུགས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ཤིང་། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཆེས་དྲང་གཞག་གི་སྤྱི་པའི་ཐོན་རྫས་དང་ཀུན་ལ་ཕན་ཤོས་ཀྱི་དམངས་འཚོའི་བདེ་རྩ་ཞིག་རེད། མི་ཚང་མས་ལག་པ་འགུལ་བ་དང་མི་ཚང་མས་རང་འགན་གཙང་སྒྲུབ་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ཚེ། གཞི་ནས་ཀྲུང་ཧྭའི་ས་གཞི་ཆེན་པོའི་ནམ་མཁའ་ནམ་ཡང་གཡའ་དག་པ་དང་། སྔོ་ལྗང་རི་བོ་ཡུན་དུ་གནས་པ། དྭངས་གཙང་ཆུ་མོ་ཆད་མེད་རྒྱུག་པ་བཅས་ཡོང་ཐུབ། ངེས་པར་དུ་ལམ་ལུགས་ནན་ཤོས་དང་ཁྲིམས་སྐྱོང་ནན་ཤོས་ཐོག་མཐའ་བར་གསུམ་དུ་སྤྱད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐའ་འཁྱོངས་དང་རྒྱུན་རྣམ་ཅན་གྱི་ཕྱི་རོལ་གྱི་གནོན་ཤུགས་རྒྱུན་འཁྱོངས་བྱེད་དགོས།

    རྩོམ་ཡིག་ནང་འཁོད་དོན། ལྔ་ནས“ཐཱན་གཉིས”ཀྱི་ཁས་ལེན་དང་རང་བརྟེན་བྱ་སྤྱོད་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ཤིང་། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་ལ་སྐུལ་འདེད་གཏོང་བ་ནི་ཏང་ཀྲུང་དབྱང་གིས་བསམ་གཞིག་གཟབ་ནན་བྱས་ནས་གཏན་ལ་ཕབ་པའི་འཐབ་ཇུས་ཀྱི་བཀོད་ཇུས་གལ་ཆེན་ཞིག་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་བཞག་པའི་བརྗིད་ཆེའི་དམ་བཅའ་ཞིག་ཡིན་ལ། དཔལ་འབྱོར་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་ལྗང་མདོག་ཐཱན་ཉུང་ཐོན་ལས་ཀྱི་འགྲན་རྩོད་ལེགས་ཆ་གྲུབ་པར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་པའི་ནང་གནས་ཀྱི་བླང་བྱ་ཞིག་ཀྱང་རེད། ང་ཚོས་ཁས་ལེན་བྱས་པའི“ཐཱན་གཉིས”ཀྱི་དམིགས་ཚད་ལ་འགྱུར་བ་མེད་པའི་གཏན་འཁེལ་བྱས་ཡོད་མོད། འོན་ཀྱང་དམིགས་ཚད་འདི་སྒྲུབ་པའི་ཐབས་ལམ་དང་། བྱ་ཐབས། སྒྲུབ་སྟངས། ཤུགས་ཚད་བཅས་ནི་ང་ཚོ་རང་ཉིད་ཀྱིས་ངེས་པར་དུ་རང་ཐག་རང་གཅོད་བྱེད་དགོས་པ་ལས་མི་གཞན་གྱི་ཤུགས་རྐྱེན་མི་ཐེབས་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།