དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་ནང་དོན་དང་ལག་ལེན་གྱི་ཟིལ་ཤུགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཀྲང་ཧྲེ་ཀའོ།   |     སྤེལ་དུས།  2023-11-16

    ཀྲུང་གོ་གུང་ཁྲན་ཏང་གིས་སྔར་ནས་བཟུང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་བོད་ལ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་མཛད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱས་ཏེ་བོད་ཀྱི་ལས་དོན་གྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་བ། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་བོད་སྐྱོང་བོད་བརྟན་བོད་དར་བཅས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཏོན་པས། ཀྲུང་གོ་གུང་ཁྲན་ཏང་གི་བོད་སྐྱོང་རིགས་པའི་གཞུང་ལུགས་ལ་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་བྱས་ཡོད།

    དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་ནང་དོན།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ངེས་པར་དུ་བཅུའི”ཐོག་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སྙིང་བསྡུས་གནང་ཞིང་། “ངེས་པར་དུ་བཅུ”བོད་ཀྱི་ལས་དོན་གྱི་ཕྱོགས་ཁག་ལ་ཁྱབ་པར་བྱས་ནས་དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱི་ཁ་ཕྱོགས་རང་བཞིན་དང་། རྩ་བའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བཏབ་པ་དང་། དེར་གཟབ་ནན་གྱི་ནང་གནས་གཏན་ཚིགས་དང་ཕུན་སུམ་ཚོགས་པའི་ནང་དོན་ལྡན་ཡོད།

    བོད་ཀྱི་ལས་དོན་གྱི་རྩ་བའི་ཆབ་སྲིད་ཀྱི་ཚད་གཞི་ཁ་གསལ་བཟོས་ཤིང་། དེའང་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱེད་དགོས་པ་དེ་རེད། “མཐའ་འཁྱོངས་གསུམ”ལས་བོད་ཀྱི་ཆབ་སྲིད་ཀྱི་དོན་དངོས་ཀྱི་གཞི་རྩའི་སྒྲོམ་གཞི་ཞིག་གྲུབ་ཡོད་ཅིང་། དེ་ནི་བོད་ཡུན་རིང་བདེ་འཁོད་དང་དར་རྒྱས་གོང་འཕེལ་ཡོང་བའི་རྩ་བའི་འགན་ལེན་ཞིག་ཡིན་ལ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ནང་དོན་ཨང་དང་པོའང་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་ལོ་རྒྱུས་འཕེལ་རིམ་ཇུས་བཀོད་བདག་གཉེར་བྱས་པ་དང་བསྟུན་ནས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བ། མི་དམངས་ཀྱི་འཚོ་བ་ཧ་ཅང་ལེགས་སུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ་བཅས་འཕེལ་རྒྱས་དང་འགྱུར་ལྡོག་རབ་དང་རིམ་པ་བྱུང་དོན་གཙོ་བོ་ནི་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ཟམ་མི་ཆད་པར་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་པས་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཡོང་མི་སྲིད་ཅེས་བརྗོད་ཆོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་དེང་རབས་ཀྲུང་གོ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཡར་ཐོན་གྱི་འགན་ལེན་ནུས་ལྡན་ཞིག་ཡིན་ཞིང་། ལམ་ལུགས་དེར་ཆབ་སྲིད་བརྟན་ལྷིང་དང་། མི་དམངས་རང་ཁྱིམ་རང་བདག སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པ། མི་རིགས་ཁག་འདྲ་མཉམ་ཡིན་པ། ཐུན་མོང་ཐོག་ཕྱུག་འགྱུར་ལམ་བུར་སྐྱོད་པ་སོགས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ལྡན་ཡོད། བོད་འདི་ཉིད་དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་ངོས་ནས་འཕེལ་རྒྱས་འགྲོ་འགོར་བ་དང་། རྨང་གཞི་ཞན་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དོ་སྙོམས་མེད་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུར་ཡག་པོ་བསྐྱོད་ཚེ་གཞི་ནས་རྒྱལ་ཡོངས་དང་མཉམ་དུ་དུས་བཀག་ལྟར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་ཐུབ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་ནང་དོན་གལ་ཆེན་དང་ལམ་ལུགས་ཀྱི་འགན་ལེན་ཞིག་རེད། ལམ་ལུགས་དེ་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ་དེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རང་ཁྱིམ་རང་བདག་གི་དབང་ཆ་ཁག་ལ་འགན་ལེན་ཐུབ་པ་མ་ཟད། བོད་ཀྱི་དམངས་གཙོའི་ཆབ་སྲིད་མངོན་འགྱུར་ཡོང་རྒྱུར་སྐུལ་མ་ཐེབས་པ་དང་ཆབས་ཅིག བོད་ལ་དར་རྒྱས་དང་བརྟན་ལྷིང་བྱུང་ཡོད་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཡང་མཐུན་ཡོད།

    བོད་ཀྱི་ལས་དོན་གྱི་ལྟེ་བའི་འདུ་ཤེས་ཀྱི་བླང་བྱ་ཁ་གསལ་བཟོས་ཤིང་། དེའང་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་བསམ་བློ་ངེས་པར་དུ་མཐའ་འཁྱོངས་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་ངེས་པར་དུ་བརྩི་རྒྱུ་མཐའ་འཁྱོངས། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་ངེས་པར་དུ་མཐའ་འཁྱོངས་བཅས་བྱེད་དགོས། “ངེས་པར་དུ་གསུམ”ནི་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་རང་བཞིན་གྱི་བླང་བྱ་ཞིག་ཡིན་པ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གིས་དུས་རབས་གསར་པར་བོད་འཛུགས་སྐྲུན་དང་བཅོས་སྐྱོང་ལ་བརྒྱུད་རིམ་རང་བཞིན་གྱི་ངོས་འཛིན་དང་སྤྱི་ཡོངས་རང་བཞིན་གྱི་སྟངས་འཛིན་བྱས་པ་མཚོན་ཡོད། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་བསམ་བློ་དེས་རྒྱལ་སྐྱོང་དང་། མཐའ་སྐྱོང་། བོད་བརྟན་བཅས་ཀྱི་ནང་གནས་རྩོད་སྒྲུབ་ཀྱི་འབྲེལ་བར་ཚན་རིག་དང་མཐུན་པའི་གསལ་འགྲེལ་དང་རྒྱས་བཤད་བྱས་པ་དེ་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་བོད་ཀྱི་ལས་དོན་གྱི་གནས་བབ་གལ་ཆེན་མངོན་ཡོད། མེས་རྒྱལ་གཅིག་གྱུར་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཆེས་མཐོའི་ཁེ་ཕན་ཡིན་པ་དང་། མི་རིགས་མཐུན་སྒྲིལ་ནི་མེས་རྒྱལ་གཅིག་གྱུར་གྱི་འགན་ལེན་གལ་ཆེན་ཡིན་ཞིང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ་དང་། དེ་ནི་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཐོག་ནས་བོད་ཀྱི་ལས་དོན་ལ་འཐབ་ཇུས་ངེས་གནས་བྱས་པ་ཞིག་རེད། ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཁྲོད་བོད་ཀྱི་ལས་དོན་གྱི་དམིགས་བསལ་དང་གལ་ཆེའི་རང་བཞིན་དེ་གཙོ་བོ་རྒྱལ་ཁབ་གཅིག་གྱུར་དང་བདེ་འཇགས་ཁྲོད་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གིས་ཐོན་པའི་དོན་སྙིང་གལ་ཆེན་ལས་མཚོན་ཡོད། དེས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་ནི་མིག་སྔའི་བོད་ཀྱི་ལས་དོན་གྱི་ལས་འགན་ཨང་དང་པོ་དེ་ཡིན་པ་གཏན་འཁེལ་བྱས་ཡོད། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་ནི་བོད་དུ་ཁྲིམས་བཞིན་རྒྱལ་སྐྱོང་གི་གཞི་རྩའི་ཇུས་གཞི་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གོང་མཐོར་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱེད་པ་བཅས་ཀྱི་ལྡོག་མེད་བླང་བྱ་ཞིག་དང་། བོད་ཀྱི་ལས་དོན་གྱི་ཆོས་ཉིད་ལ་ཚད་མཐོའི་མདོར་བསྡུས་དང་སྙིང་བསྡུས་གཏིང་ཟབ་བྱས་པ་ཞིག་ཡིན་པས། དེས་བོད་ཀྱི་ལས་དོན་གྱི་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ལ། ཞིབ་ཕྲའི་བྱ་ཐབས་ཀྱང་མཁོ་འདོན་བྱས་པས་དུས་རབས་གསར་པར་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཞིག་རེད།

    བོད་ཀྱི་ལས་དོན་གྱི་ཤུགས་རྒྱག་ས་གཙོ་བོ་ཁ་གསལ་བཟོས་ཤིང་། དེ་ཡང་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་ངེས་པར་དུ་སྤྱི་འདོམས་བྱེད་དགོས་པ་དང་། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་འགྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་ངེས་པར་དུ་བརྩི་དགོས་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་ངེས་པར་དུ་སྐུལ་འདེད་གཏོང་དགོས་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་དང་ཆོས་ལུགས་ཀྱི་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ། ཏང་འཛུགས་སྐྱོང་དང་ལྷག་པར་དུ་ཆབ་སྲིད་འཛུགས་སྐྱོང་ལ་ངེས་པར་དུ་ཤུགས་སྣོན་རྒྱག་དགོས་པ་བཅས་རེད། “ངེས་པར་དུ་དྲུག”དེས་རྒྱལ་ཁབ་བདེ་འཇགས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། མི་རིགས་ལས་དོན། ཆོས་ལུགས་ལས་དོན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། ཏང་འཛུགས་སྐྱོང་སོགས་ཀྱི་ཐད་ནས་བོད་ཀྱི་ལས་དོན་གྱི་གཙོ་གནད་ཁྱབ་ཁོངས་ཀྱི་ཤུགས་རྒྱག་ས་གསལ་བཤད་བྱས་ཡོད། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱེད་པར་བོད་ཀྱི་ལས་དོན་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་ཁྲོད་བཞག་ནས་ངོས་འཛིན་དང་། ཇུས་འགོད། བཀོད་སྒྲིག་བཅས་བྱེད་པ་དང་། ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་བྱེད་ཕྱོགས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་དང་། རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱིས“བོད་ཀྱི་གནད་དོན”ཟེར་བར་ཁ་གཡར་ནས་རང་རྒྱལ་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལྟེ་བའི་ཁེ་ཕན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཡག་པོ་བྱེད་དགོས། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་འགྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ངོ་བོ་དང་དམིགས་ཡུལ་གཅིག་སྡུད་ཐོག་མཚོན་པ་ཞིག་ཡིན་ཞིང་། འཕེལ་རྒྱས་གཏོང་རིང་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་མཉམ་སྤྱོད་ཡག་པོ་ཐུབ་པར་བྱས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་འགྲུབ་པར་མི་སེམས་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཞིག་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ལྡོག་མེད་ཀྱི་འཕེལ་ཕྱོགས་ཤིག་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན་པས། བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། བོད་བརྒྱུད་ནང་བསྟན་ནི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཐོན་དངོས་ཤིག་ཡིན་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བར་བོད་བརྒྱུད་ནང་བསྟན་གྱི་ལེགས་ཆ་ཟམ་མི་ཆད་པར་དར་སྤེལ་དང་རྒྱུན་འཛིན་བྱེད་དགོས་པ་དང་། སྐྱོན་ཆ་ཆུང་དུ་གཏོང་བ་དང་བསལ་ནས་དེ་ཉིད་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་དེ་བས་ཡག་པོ་ཡོང་བར་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་པར་ཕུགས་ལ་བསམ་གཞིག་བྱས་ཏེ་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་ནས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། དེ་གཉིས་ཀྱི་དོ་སྙོམས་སར་སྟངས་འཛིན་ཡག་པོ་བྱེད་པ། དཔལ་འབྱོར་དང་ཐོན་ཁུངས་ཁོར་ཡུག་ཕན་ཚུན་མཐུན་སྦྱོར་བྱེད་པའི་ལམ་བུའི་ཐོག་སྐྱོད་དགོས། ཏང་འཛུགས་སྐྱོང་དང་། ལྷག་པར་དུ། ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོན་དང་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ལ་དོ་དམ་ནན་པོ་དང་ཏང་བཅོས་སྐྱོང་ནན་པོ་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། རིམ་ཁག་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་བཅས་ཆེ་རུ་བཏང་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།

    དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་གྱི་ཟིལ་ཤུགས།

    ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ནི་ལག་ལེན་རླབས་པོ་ཆེ་ལས་བྱུང་བ་ཞིག་ཡིན་པ་དང་དུས་མཚུངས་སུ་ལག་ལེན་ལ་མཛུབ་ཁྲིད་ཀྱང་བྱེད་ཀྱི་ཡོད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་ཀྲུང་གོ་གུང་ཁྲན་ཏང་གི་མཐའ་སྐྱོང་བོད་བརྟན་གྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ཁྲོད་ནས་ཞིབ་བཤེར་ར་སྤྲོད་བྱུང་བ་མ་ཟད། རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཕྱིན་པ་ལས་བྱུང་བ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཏང་གི་བོད་སྐྱོང་མཛད་ཇུས་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་ནས་བོད་ཀྱི་ལས་དོན་ལ་སྔར་བྱུང་མྱོང་མེད་པའི་རྣམ་པ་བཟང་པོ་བཏོད་ཡོད།

    སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་ཞིང་། བོད་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། མཉམ་སྐྲུན་མཉམ་བཅོས་དང་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བ། ལས་བྱེད་པ་གྲོང་ཚོར་བཅའ་སྡོད་དང་། དྲ་མིག་ཅན་གྱི་དོ་དམ། “གཉིས་ལྡན་དུད་སྦྲེལ”གཏོད་པ་དང་དཔྱད་བསྡུར་སོགས་ཀྱི་ལས་དོན་རྒྱུན་མཐུད་གཏིང་ཟབ་སྤེལ་བ། སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་པ། བཅོས་སྐྱོང་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་བཅས་ལས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྣང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་བརྟག་དཔྱད་གྲངས་གཞི་ལས་མངོན་པར། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་ཚིམ་ཚད་མུ་མཐུད་མཐོ་རུ་ཕྱིན་ནས་ལོ་མང་བསྟུད་མར་99%ཡན་རྒྱུན་འཁྱོངས་ཐུབ་ཡོད། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། དེ་བཞིན་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་རྒྱུན་མཐུད་ངང་སྐུལ་འདེད་བརྟན་པོ་བཏང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་བཏང་བ། བོད་ཀྱི་མི་རིགས་ཁག་དབར་གྱི་འབྲེལ་བ་ཉིན་བཞིན་འཆམ་མཐུན་དང་སྤེལ་རེས་ཉིན་བཞིན་ཟབ་ཏུ་ཕྱིན་ཡོད། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་ཕྱིན་པ། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་རགས་ཙམ་གྲུབ་པ། ཆོས་ལུགས་བྱེད་སྒོ་སྔར་བས་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་དུ་གྱུར་པ་བཅས། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱུང་ཡོད།

    དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་མགྱོགས་མྱུར་བྱུང་ཞིང་། བོད་ཀྱིས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་རྩ་དོན་མཐའ་འཁྱོངས་བྱས་པ་བརྒྱུད་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་དམངས་ལ་དེ་བས་ཕན་པ་ཐོབ་པ་དང་། འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། འཕེལ་རྒྱས་ཀྱི་འཇུར་མིག་རིམ་བཞིན་སེལ་ཐུབ་པ་བྱུང་ཡོད། དེ་སྔ་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་ས་ཁུལ་དབུལ་པོ་འབའ་ཞིག་ཡིན་པའི་བོད་ཀྱིས་དབུལ་པོ་དབུལ་ནག་གི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་བྱས་པས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད། 2012ལོ་ནས་2022ལོའི་བར། བོད་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་5698ནས་སྒོར་18209བར་མང་དུ་ཕྱིན་པ་དང་། ལོ་རེའི་ཆ་སྙོམས་འཕར་ཚད་12.32%ཟིན་པ་དེ་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་3.17གྱིས་མཐོ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་18363ནས་སྒོར་48753བར་མང་དུ་ཕྱིན་པ་དང་། ལོ་རེའི་ཆ་སྙོམས་འཕར་ཚད་10.26%ཟིན་པ་དེ་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་2.86གིས་མཐོ་བ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་68.2ནས་ལོ་72.19བར་རིང་དུ་སོང་ཡོད། བཟོ་ལས་དཔལ་འབྱོར་གྱི་ཞན་ཆ་ཟམ་མི་ཆད་པར་བསལ་ཞིང་། 2012ལོ་ནས་2022ལོའི་བར། བོད་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་42.83ནས་སྒོར་དུང་ཕྱུར་185.41བར་མང་དུ་ཕྱིན་ཡོད། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཞིང་། འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཕྱོགས་ཡོངས་ནས་བྱེད་མགྱོགས་སུ་ཕྱིན་པ་དང་། ཁྲོན་བོད་ལྕགས་ལམ་སོགས་དམངས་འཚོ་དང་འབྲེལ་བ་ཡོད་པའི་རྣམ་གྲངས་གལ་ཆེན་ཁག་གཅིག་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ། གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་12ལས་བརྒལ་བ། རིམ་མཐོའི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་1105ཟིན་པ། ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་1359ཟིན་པ། དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་ཕོག་པའི་འཇུར་མིག་གི་གནད་དོན་ཇེ་ལྷོད་དུ་སོང་ཡོད།

    སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། བོད་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཁར། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་སྔར་ན་མེད་པའི་མཐོང་ཆེན་དང་མ་རྩ་གཏོང་ཤུགས་ཆེ་རུ་བཏང་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་ཡོད། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་དང“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་དུ་ཤིང་འཛུགས་ནགས་བཟོ་བྱེད་པའི་ལས་གྲྭ་སོགས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་ཏེ། གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པར་བྱས་པ་དང་། ནགས་ཚལ་ཁྱབ་ཚད་12.31%བར་མཐོ་རུ་ཕྱིན་པ། སྤང་རྩྭ་ཁེབས་ཚད་47.14%ཟིན་ཡོད། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས། རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་སླར་གསོའི་རང་བཞིན་གྱི་སྒོ་ནས་མང་དུ་ཕྱིན་པ་དང་། ཁྲུང་ཁྲུང་སྐེ་ནག་དུས་རབས་20པར་3000ཙམ་ཡང་མ་ཟིན་པ་ནས་ཁྲི་1ལྷག་ཙམ་བར་མང་དུ་ཕྱིན་པ། གཙོད་ཀྱི་གྲངས་འབོར་ཁྲི་30ལྷག་ཙམ་བར་མང་དུ་ཕྱིན་ཡོད། ཀྲུང་གོ་ཚན་རིག་ཁང་དང་འབྲེལ་ཡོད་སྡེ་ཚན་གྱིས་ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་བྱས་པ་ལས་མངོན་པར། བོད་ལྗོངས་ས་མཐོའི་རིགས་ཁག་གི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། སྐྱེ་ཁམས་ཀྱི་སྤུས་ཚད་བརྟན་པོའི་ངང་ལེགས་སུ་ཕྱིན་པ། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་99%ཡན་ཟིན་པ། ས་ཁོངས་མང་ཆེ་བ་གདོད་མའི་རྣམ་པར་གནས་ཡོད་པས། བོད་ནི་སྔར་བཞིན་འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།

    མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། བོད་ཀྱིས་དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཐའ་སྲུང་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་བས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་དང་མཐའ་མཚམས་བདེ་འཇགས་ཀྱི་དངོས་ཟོག་འགན་ལེན་ལ་ཤུགས་སྣོན་ཐེབས་ཡོད། མཐའ་སྲུང་མཐའ་བརྟན་ལ་མཁོ་གལ་ཆེ་བའི་གནད་དོན་དང་མཐའ་མཚམས་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་འགོ་འཛུགས་ས་དང་ཚད་བརྒལ་བྱེད་སར་མུ་མཐུད་བྱས་ཏེ། མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་བསལ་བ་དང་། སློབ་གྲྭ་དང་། སྨན་ཁང་། རིག་གནས། ལུས་རྩལ། ཁྲོམ་ར་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལ་སྤྱི་འདོམས་འཆར་འགོད་བྱས་ནས་འཛུགས་སྐྲུན་བྱས་ཤིང་། མིག་སྔར་བོད་དུ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624བསྐྲུན་པ་དང་། འཐབ་ས་དང་པོའི་ཤང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་པ། གློག་དྲ་གཙོ་བོ་ཁྱབ་ཚད་92%ཡན་ཟིན་པ། དྲ་ཆེན་ཤར་གཏོང་ཐུབ་ཚད་དང་4Gབརྡ་རྟགས་ཁྱབ་ཚད་100%ཟིན་ཡོད། མི་རིགས་ཁག་གི་མང་ཚོགས་མཐའ་མཚམས་སུ་གཞིས་ཚུགས་པ་དང་མཐའ་མཚམས་འཛུགས་སྐྲུན་བྱས་ནས། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱས་ཏེ“ཏང་གི་འོད་ཟེར་མཐའ་མཚམས་ཡུལ་ལ་འཕྲོ། མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོགས”པའི་གསོན་ཉམས་དོད་པའི་ལེའུ་ཞིག་བརྩམས་ཡོད།

    (རྩོམ་པ་པོ་ནི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དེང་རབས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཡིན་པ)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།