དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་སར་དྲ་རྒྱའི་ཐད་ཚོང་གིས་དབང་པོ་སྐྱོན་ཅན་གྱི་ལས་གཏོད་ལ་ཚོང་ལས་ཀྱི་གོ་སྐབས་མང་དུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-15

    འདི་ནི་བོད་ལྗོངས་མཐོ་སྒང་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཇོ་ལེགས(གཡས་ཀྱི་བཞི་པ)ཀྱིས་ཐད་གཏོང་མ་བྱས་གོང་ཐད་གཏོང་ཚོགས་པ་དང་མཉམ་དུ་ཐད་གཏོང་ཇུས་གཞིར་གྲོས་བསྡུར་བྱེད་བཞིན་པ།

    འདི་ནི་བོད་ལྗོངས་མཐོ་སྒང་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིའི་སྙན་སྒྲོན་པ་གཙོ་བོ་ཚེ་བརྟན་ཀུན་དགའ(གཡས)དང་ཐད་གཏོང་ལས་རོགས་བཀྲ་ཤིས་དབང་འདུས་ཀྱིས་མཉམ་དུ་ཐད་གཏོང་བྱས་ནས་ཡིག་ཆས་འཚོང་བཞིན་པ།

    “བཅུ་གཅིག་ཟུང”གི་ཉོ་སྒྲུབ་དུས་ཆེན་རིང་བོད་ལྗོངས་མཐོ་སྒང་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིའི་ཐད་གཏོང་ཁང་དུ་འཁྲུག་ཆ་དོད་པོ་ཡོད། ལས་དོན་པས་དྲ་བའི་ཐད་གཏོང་བརྒྱུད་ཅ་དངོས་འཚོང་བཞིན་ཡོད་པ་རེད། ཀུང་སི་དེ་ནི་ལོ་36ལ་སླེབས་པའི་དབང་པོ་སྐྱོན་ཅན་གཞོན་ནུ་ཇོ་ལེགས་ཀྱིས་བཙུགས་པ་དང་ལས་བཟོ་མང་ཆེ་བ་དབང་པོ་སྐྱོན་ཅན་ཡིན་ཞིང་། གཙོ་བོ་ཡིག་ཆས་དང་མི་རིགས་རོལ་ཆས་འཚོང་གི་ཡོད། ཐད་གཏོང་ཉོ་ཚོང་བྱེད་སྟངས་ལས་ཁོ་ཚོའི་ཚོང་ལམ་རྒྱ་ཆེར་ཕྱིན་པ་མ་ཟད། འགྲོ་སྐྱོད་ལ་སྟབས་བདེ་མེད་པའི་དབང་པོ་སྐྱོན་ཅན་ཚོའང་ཕུལ་བྱུང་གི་ཚོང་པར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།