ཧྲན་ཏུང་རྨ་ཆུའི་ཟུར་གསུམ་གླིང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་དགུན་སྒྲོལ་དུས་བྱ་མང་པོ་སླེབས་པ།
དགུན་ཐོག་མའི་དུས་ཚིགས་སུ་ཧྲན་ཏུང་ཞིང་ཆེན་ཏུང་ཡིང་གྲོང་ཁྱེར་དུ་གནས་པའི་རྨ་ཆུའི་ཟུར་གསུམ་གླིང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་དུས་བྱ་མང་པོ་སླེབས་ཡོད། ཉེ་བའི་ལོ་ཤས་རིང་། སྐྱེ་ཁམས་སླར་གསོ་རྒྱུན་ཆད་མེད་པར་བྱས་པར་བརྟེན། རྨ་ཆུའི་ཟུར་གསུམ་གླིང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་འདབ་ཆགས་ཀྱི་གྲངས་འབོར་རྒྱུན་མཐུད་འཕར་བ་དང་། ལོ་ལྟར་འདབ་ཆགས་ཁྲི་བརྒྱ་ལྷག་ཙམ་གྱིས་འདི་གར་གནས་སྤོ་དང་། དགུན་སྐྱེལ། སྐྱེ་འཕེལ་བཅས་བྱེད་ཀྱི་ཡོད་པས“འདབ་ཆགས་ཀྱི་རྒྱལ་སྤྱིའི་གནམ་ཐང”ཞེས་འབོད་ཀྱི་ཡོད།
འདི་ནི་རྨ་ཆུའི་ཟུར་གསུམ་གླིང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་འཚོ་སྡོད་བྱེད་པའི་ཁྲུང་ཁྲུང་སྐྱ་བོ་ཡིན་པ།