དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭས་རིམ་རྩིས་བྱས་ན་ཆུ་འདོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་600ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-15

    གསར་འགོད་པར་ཆུ་བེད་པུའི་འབྲི་ཆུ་ཆུ་བེད་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། 2023ལོའི་ཟླ་11ཚེས་13ཉིན་གྱི་ཆུ་ཚོད་18བར་ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་ནས་2014ལོའི་ཟླ་12ནས་བཟུང་ཕྱོགས་ཡོངས་ནས་ཆུ་གཏོང་འགོ་ཚུགས་ཚུན། ཐའོ་ཁྲ་ཆུས་ཧྲོའུ་ཡིས་རིམ་རྩིས་བྱས་ན་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་600ཟིན་ཏེ། ཆུ་འདོན་ཁུལ་ལ་སྔ་རྗེས་སུ་སྐྱེ་ཁམས་ཆུ་གསབ་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་95ཙམ་ཟིན་ནས་ཐད་ཀར་ཕན་པ་འཐོབ་མཁན་མི་འབོར་དུང་ཕྱུར་1.08ལྷག་ཙམ་ཟིན་ཏེ། ལམ་རྒྱུད་ཀྱི་གྲོང་ཁྱེར་ཆེ་འབྲིང་26ལ་ཆུ་འདོན་པའི་སྲོག་རྩར་གྱུར་ནས་དཔལ་འབྱོར་དང་། སྤྱི་ཚོགས། སྐྱེ་ཁམས། བདེ་འཇགས་བཅས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་བཏང་ནས་ལོ་9སོང་ཚུན་འབྲི་ཆུ་ཨུ་ལྷན་གྱིས་འབྲུབ་འགོག་དང་། ཆུ་འདོན། སྐྱེ་ཁམས། གློག་གཏོང་། ཆུ་ཐོག་སྐྱེལ་འདྲེན་སོགས་ཀྱི་དགོས་མཁོར་སྤྱི་འདོམས་བྱས་ནས་ལས་གྲྭའི་གཉེར་སྐྱོང་དོ་དམ་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། ཆུའི་འབོར་ཚད་བཀོད་གཏོང་ཞིབ་ཚགས། ཏན་ཅང་ཁོའུ་ཆུ་མཛོད་ཀྱི་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཕན་འབྲས་གང་ལེགས་འདོན་པ་བཅས་བྱས་པས། དབུས་རྒྱུད་ཀྱི་དུས་མཚམས་དང་པོའི་ལས་གྲྭར་འབྲུབ་དུས་ཀྱི་འབྲུབ་ཆུ་སྔོན་འགོག་དང་། དར་ཆགས་པའི་དུས་ཀྱི་བདེ་འཇགས་ཆུ་འདྲེན། ཐན་དུས་ཀྱི་ཆུ་འདོན་བརྟན་པོ། འོས་འཚམ་སྐབས་ཆུའི་འབོར་ཚད་ཆེ་རུ་གཏོང་བ་སོགས་ཀྱི་ཚོད་བགམ་མང་པོ་ཁྱད་བསད་ཐུབ་ནས་ལས་གྲྭའི་འཁོར་སྐྱོད་སྤྱི་ཡོངས་བདེ་འཇགས་ལྡན་ལ་བརྟན་པ་དང་ཆུ་མཁོ་འདོན་གྱི་ཆུ་སྤུས་ཀྱི་ཚད་གཞི་བརྟན་པོ་ལོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།