དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བཅུ་པའི་བར་རླངས་འཁོར་ཐོན་སྐྱེད་དང་འཚོང་ཚད་དུས་མཚུངས་ལས་སོ་སོར་8%དང་9.1%འཕར་བ།

    ཟླ་10པར་ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་ཁྲོམ་ར་བཟུང་ཚད་33.5%ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-15

    ▶ ཟླ་10པར་རླངས་འཁོར་ཐོན་སྐྱེད་དང་འཚོང་ཚད་སོ་སོར་ཁྲི་289.1དང་ཁྲི་285.3ཟིན་པ་དུས་མཚུངས་ལས་སོ་སོར་11.2%དང་13.8%འཕར་བ་ལས། འགྲུལ་སྤྱོད་རླངས་འཁོར་ཐོན་སྐྱེད་དང་འཚོང་ཚད་དུས་མཚུངས་ལས་སོ་སོར་7.6%དང་11.4%འཕར་བ་དང་། ཚོང་སྤྱོད་རླངས་འཁོར་ཐོན་སྐྱེད་དང་འཚོང་ཚད་དུས་མཚུངས་ལས་སོ་སོར་42.7%དང་33.4%འཕར་ཡོད།

    ཉེ་ཆར། གསར་འགོད་པར་ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་སྔ་རྗེས་སུ་དོན་འཁྱོལ་བྱས་པ་དང་། ཐོན་རྫས་གསར་པ་གཅིག་སྡུད་ཁྲོམ་རར་འདོན་པ། ཟོག་འགྲེམས་ལས་རིགས་བརྟན་པོ་འཕར་བ་སོགས་རྒྱུ་རྐྱེན་གྱི་སྐུལ་འདེད་འོག་རང་རྒྱལ་གྱི་རླངས་འཁོར་ཁྲོམ་རར“བྲིན་ཁ་རྒྱུག་པོ་མེད་པའི་དུས་ཚིགས་སུ་བྲིན་ཁ་རྒྱུག་པ་དང་། བྲིན་ཁ་རྒྱུག་པའི་དུས་ཚིགས་སུ་བྲིན་ཁ་དེ་བས་རྒྱུག་པའི”རྣམ་པ་ཐོན་ནས་རླངས་འཁོར་ཁྲོམ་ར་བྲིན་ཁ་རྒྱུག་པའི་ཚ་རླབས་འཕྱུར་ཡོད། ཟླ་དང་པོ་ནས་བཅུ་པའི་བར། རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་ཁྲི་2401.6དང་ཁྲི་2396.7སོ་སོར་ཟིན་ནས་དུས་མཚུངས་ལས་8%དང་9.1%སོ་སོར་འཕར་ཡོད་པ་རེད།

    ཟླ་རེའི་རླངས་འཁོར་བྲིན་ཚོང་བྱེད་ཚད་ལས་ཟླ་དེའི་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཅིང་། ཟླ་10པར་རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་ཁྲི་289.1དང་ཁྲི་285.3སོ་སོར་ཟིན་པ་དེ་དུས་མཚུངས་ལས་11.2%དང་13.8%སོ་སོར་འཕར་ཡོད། དེའི་ནང་འགྲུལ་སྤྱོད་རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་དུས་མཚུངས་ལས་7.6%དང་11.4%སོ་སོར་འཕར་བ་དང་། ཚོང་སྤྱོད་རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་དུས་མཚུངས་ལས་42.7%དང་33.4%སོ་སོར་འཕར་ཡོད་པ་རེད།

    ནུས་རྒྱུ་གསར་པའི་རླངས་འཁོར་ཟླ་རེར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་ཀྱི་ཟིན་ཐོ་གསར་པ་བཏོད་ཅིང་། ཟླ་10པར། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་ཁྲི་98.9དང་ཁྲི་95.6སོ་སོར་ཟིན་པ་དེ་དུས་མཚུངས་ལས་29.2%དང་33.5%སོ་སོར་འཕར་ནས་ཁྲོམ་ར་བཟུང་ཚད་33.5%ཟིན་ཡོད། ཟླ་བ་དང་པོ་ནས་བཅུ་པའི་བར། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་ཁྲི་735.2དང་ཁྲི་728སོ་སོར་ཟིན་པ་དེ་དུས་མཚུངས་ལས་33.9%དང་37.8%སོ་སོར་འཕར་ནས་ཁྲོམ་ར་བཟུང་ཚད་30.4%ཟིན་ཡོད་པ་རེད།

    རླངས་འཁོར་ཕྱིར་གཏོང་བྱེད་ཚད་རྒྱུན་མཐུད་མགྱོགས་མྱུར་འཕར་ཞིང་། ཟླ་དང་པོ་ནས་བཅུ་པའི་བར། རླངས་འཁོར་ཁྲི་392.2ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་59.7%འཕར་ཡོད། རླངས་འཁོར་གྱི་དབྱིབས་ནས་བལྟས་ན། འགྲུལ་སྤྱོད་རླངས་འཁོར་ཁྲི་330.6ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་67.3%འཕར་བ་དང་། ཚོང་སྤྱོད་རླངས་འཁོར་ཁྲི་61.6ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་28.3%འཕར་ཡོད། ཟླ་བ་དང་པོ་ནས་བཅུ་པའི་བར། སྲོལ་རྒྱུན་གྱི་འཕྲུལ་སྣུམ་རླངས་འཁོར་ཁྲི་292.7ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་49.6%འཕར་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་99.5ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་99.1%འཕར་ཡོད་པ་རེད།

    “ཟླ་དང་པོ་ནས་བཅུ་པའི་བར། རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་སྤྱི་ཡོངས་ཀྱི་གནས་ཚུལ་སྔོན་དཔག་ལས་ཡག་པ་ཡོད”ཅེས་ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཁྲེན་ཧྲི་ཧྭ་ཡིས་བརྗོད་པ་དང་། ཁོང་གིས་རླངས་འཁོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་ལས་རིགས་བརྟན་པོ་འཕར་བའི་སྲིད་ཇུས་ཁག་མུ་མཐུད་དོན་འཁྱོལ་བྱུང་བ་དང་བསྟུན་ནས། ཕན་འབྲས་ཀྱང་རྒྱུན་ཆད་མེད་པར་མང་པོ་ཐོན་ཏེ་རླངས་འཁོར་ཁྲོམ་རར་འདེགས་སྐྱོར་ནུས་ལྡན་ཐུབ་ནས་རླངས་འཁོར་ལས་རིགས་ཀྱི་ལོ་ཧྲིལ་པོའི་དམིགས་ཚད་བརྟན་པོར་འཕར་བར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།