རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གསུམ་མང་དུ་བཏང་བ།
ཉེ་ཆར། གསར་འགོད་པར་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་ཧོ་པེའི་ཁོན་ཁྲེང་གི་སྲོལ་རྒྱུན་གྱི་ཤིང་འབྲས་པན་ལི་འདེབས་གསོའི་མ་ལག་དང་། ཨན་ཧུའེ་ཐུང་ལིང་གི་སྒ་སྨུག་དཀར་པོའི་འདེབས་འཛུགས་མ་ལག ཀྲེ་ཅང་ཤན་ཅུས་ཀྱི་གནའ་བོའི་ཤིང་འབྲས་དབྱང་མེའི་མཉམ་འདུས་འདེབས་གསོའི་མ་ལག་བཅས་ཤུལ་བཞག་མ་ལག་གསུམ་ལ་རིགས་གཅིག་མཁས་ཅན་གྱིས་ཞིབ་དཔྱད་བྱས་པ་བརྒྱུད། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་དུ་དངོས་སུ་གཏན་འཁེལ་བྱས་པ་རེད། མིག་སྔའི་བར། རང་རྒྱལ་གྱི་གོ་ལ་ཧྲིལ་པོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་རྣམ་གྲངས་22བར་མང་དུ་སོང་བ་དང་གྲངས་འབོར་མུ་མཐུད་འཛམ་གླིང་གི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།