དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སྲིད་གྲོས་ཀྱིས་མཛད་སྒོ་འཚོགས་ཏེ་སུན་ཀྲུང་ཧྲན་འཁྲུངས་ནས་ལོ་157འཁོར་བར་དྲན་གསོ་ཞུས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-14

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་ཀྲུང་ཧྲན་སྤྱི་གླིང་ཀྲུང་ཧྲན་ཚོམས་ཆེན་དུ་མཛད་སྒོ་འཚོགས་ནས་རླབས་ཆེན་གྱི་མི་རིགས་ཀྱི་དཔའ་བོ་དང་། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ། ཀྲུང་གོ་དམངས་གཙོ་གསར་བརྗེའི་རླབས་ཆེན་གྱི་སྔོན་བྱོན་པ་སྐུ་ཞབས་སུན་ཀྲུང་ཧྲན་འཁྲུངས་ནས་ལོ་157འཁོར་བར་དྲན་གསོ་ཞུས་པ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚབ་ཞུས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེན་ཅན་པང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་ཚབ་ཞུས་པ། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་མཱ་ལི་ཧོའེ་ཡིས་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་ཚབ་ཞུས་པ། པེ་ཅིང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཀའོ་ཕུང་གིས་པེ་ཅིང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་པ་བཅས་བྱས་ནས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་སྐུ་བརྙན་ལ་མེ་ཏོག་སི་ར་སོ་སོར་ཕུལ་བ་རེད། དྲན་གསོའི་མཛད་སྒོར་ཞུགས་མཁན་ལས་རིགས་ཁག་གི་མི་སྣས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་སྐུ་བརྙན་མདུན་དུ་གུས་སྟབས་ཀྱིས་ལངས་ནས་གུས་འདུད་ལན་གསུམ་ཞུས་པ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཡིན་པའི་ཝང་ཏུང་ཧྥུང་གིས་མཛད་སྒོ་གཙོ་སྐྱོང་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་པའོ་ཞང་དང་ཝང་ཀོང་ཆན་མཛད་སྒོར་ཞུགས་པ་རེད།

    མཛད་སྒོར་ཞུགས་མཁན་གྲས་སུ་ད་དུང་དམངས་གཙོ་ཏང་ཤོག་ཀྲུང་དབྱང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། སྐུ་ཞབས་སུན་ཀྲུང་ཧྲན་གྱི་རིགས་རྒྱུད་ཀྱི་འཐུས་མི། ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས། ཧོང་ཕུའུ་དམག་དཔོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་སོགས་འབྲེལ་ཡོད་སྒྲིག་གཞིའི་འཐུས་མི་བཅས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།