དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ལྗོངས་ཡོངས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-14

    ཚེས་9ཉིན། ལྗོངས་ཡོངས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་ནས། རྒྱལ་ཡོངས་ཀྱི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་འགོད་བླང་བྱ་ལག་བསྟར་དོན་འཁྱོལ། ལས་དོན་གྱི་གནས་ཚུལ་ཕྱོགས་སྡོམ་དང་སྤེལ་རེས། གཙོ་གནད་ལས་འགན་བཀོད་སྒྲིག་བཅས་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས། ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ལག་བསྟར་ནན་ཏན་བྱས་ནས། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་རྒྱུ་དེ“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་ཞིབ་ཕྲའི་ལག་ལེན་དུ་བརྩི་བ་དང་། “དོན་ཆེན་བཞི”ལ་དམ་པོར་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པའི་བྱ་སྤྱོད་ངོ་མར་འགྱུར་བར་བྱས་ནས། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ཡག་པོ་སྤེལ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པ་དང་། སྨན་བཅོས་དང་སློབ་གསོའི་ལས་དོན་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། འབྲེལ་བ་སྣ་ཚོགས་ཐག་གཅོད་ཡང་དག་བཅས་བྱས་ནས། འཐབ་ཇུས་ཀྱི་བསམ་གཞིག་དང་། བརྒྱུད་རིམ་ལྡན་པའི་བསམ་གཞིག རྩོད་སྒྲུབ་ཀྱི་བསམ་གཞིག་བཅས་ལ་བརྟེན་ནས་ལས་དོན་ལ་འཆར་གཞི་འགོད་པ་དང་སྐུལ་མ་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་སྨན་བཅོས་དང་སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དང་ཚོགས་སྒྲིག་ཆུང་ངུའི་བོད་སྐྱོར་ལ་གནས་པའི་གནད་དོན་ཐག་གཅོད་དང་ཞན་ཆ་བསལ་ཏེ། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་ཕན་འབྲས་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།