དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འབད་འབུངས་ཡར་བརྩོན་གྱིས་རྒྱང་ལམ་གསར་པར་ཕུལ་བྱུང་གི་རྒྱུགས་ལན་གསར་པ་འབུལ་དགོས།

    《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-14

    ཟླ་11ཚེས་10ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཁྱབ་བསྒྲགས་བྱས་པའི《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ལ་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནང་འཕེལ་རྒྱས་ཐམས་བཅད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་། གོང་བུ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་དགོས་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་འགྲོ་བར་ཕན་དགོས་པ་མི་རིགས་ཁག་གི་མང་ཚོགས་ཚོས་སེམས་ལ་ངེས་བཞིན་དུ་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་བཞིན་ཡོད། བོད་ཀྱི་ས་མཐོའི་བུ་ཕྲུག་ཁྲི་360ལྷག་ཙམ་གྱིས་གོང་འོག་བློ་སེམས་གཅིག་མཐུན་དང་འབད་འབུངས་ཡར་བརྩོན་གྱིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བྱས་རྗེས་གསར་པ་བཞག་ནས་ཕུལ་བྱུང་གི་རྒྱུགས་ལན་གསར་པ་ཟམ་མི་ཆད་པར་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    ཟླ་11ཚེས་12ཉིན་གྱི་ཞོགས་པ་སྔ་པོར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཐང་ཆེན་དུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པ་དང་གྲོང་ཚོའི་ཏང་ཡོན་གྱིས་དྲ་རྒྱ་བརྒྱུད《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཀྱི་རྒྱབ་ཤ་དཀར་པོའི་དེབ་སློབ་སྦྱོང་ནན་ཏན་བྱས་པ་རེད། སྤེན་པས“རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས་པ་དེས་ང་ཚོ་གཞི་རིམ་གྱི་གྲོང་ཚོའི་ལས་བྱེད་པར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀ་ལ་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ཡོད། ཡུལ་སྐོར་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རོགས་རམ་འོག་ཀ་ལ་གྲོང་ཚོས‘གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བ་དང་གྲོང་ཚོ་དང་མཛེས་ལྗོངས་གཅིག་ཏུ་སྒྲིལ་བའི’བསམ་ཕྱོགས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས‘ཁམ་བུའི་མེ་ཏོག་གྲོང་ཚོའི’སྤུས་རྟགས་བཏོད་དེ་ཁམ་བུའི་མེ་ཏོག་གླིང་གཅིག་གྱུར་ཐོག་གཉེར་སྐྱོང་དང་། ཡུལ་སྐོར་བར་སྣེ་ལེན་ཞུ་བའི་ས་ཚིགས་གསར་འཛུགས། མི་ཕྱུགས་ལོག་དབྱེ་དང་། ཤིང་འཛུགས་སྔོ་འགྱུར། སྒོ་ར་སྒྱུར་བཀོད། གཞུང་ལམ་མཁྲེགས་འགྱུར། མདོང་ལམ་འདིང་བ་སོགས་ཀྱི་ལས་གྲྭ་རིམ་བཞིན་བསྐྲུན་ཏེ་གྲོང་ཚོ་ནས་མཛེས་ལྗོངས་ཁུལ་བར་གྱི་འཕོ་འགྱུར་ཆེན་པོ་བྱུང་བས་ཡུལ་སྐོར་བ་མང་པོ་དེ་གར་ཡོང་ཡོད་ལ་ད་དུང་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བློ་ཡིད་ཚིམ་ཚད་བཅས་ཆེ་རུ་ཕྱིན་ཡོད”ཅེས་བཤད།

    “རྒྱབ་ཤ་དཀར་པོའི་དེབ་ནང་བཀོད་པ་ལྟར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག་བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། གཞི་རིམ་གྱི་སྤྱི་ཚོགས་རྒྱུན་མཐུད་དང་ཕྱོགས་ཡོངས་ནས་བརྟན་ལྷིང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་འཕུར་བ་ལྟར་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྔར་བས་མཛེས་སྡུག་ལྡན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གཏིང་ཟབ་པ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་མིག་མཐོང་ལག་ཟིན་བྱུང་ཡོད། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་སྡོད་ལས་དོན་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་ཝང་ཞུན་ཀྲང་གིས། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ངས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། “ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་བཅས་བྱས་ནས་ཏང་གི་སྲིད་ཇུས་བཟང་པོ་གཞི་རིམ་དུ་དྲིལ་བསྒྲགས་དང་། འགལ་ཟླ་དང་རྩོད་གཞི་གཞི་རིམ་ནས་སེལ་བ། གནད་དོན་གཞི་རིམ་ནས་ཐག་གཅོད་བཅས་བྱས་ཏེ། རང་ཉིད་ཀྱིས་དཀའ་སྤྱད་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་བྱེད་ཀྱི་ཡིན་ཞེས་བཤད།

    ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོའི་དགེ་རྒན་དབྱང་ལིའུ་ཡིས“ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་སློབ་གསོས‘སུའི་ཆེད་དུ་མི་གསོ་སྐྱོང་བྱེད་པ་དང་། མི་གང་ཞིག་གསོ་སྐྱོང་བྱེད་པ། མི་གསོ་སྐྱོང་ཇི་ལྟར་བྱེད་པ’བཅས་ཀྱི་རྩ་བའི་གནད་དོན་ལ་དམ་པོར་དམིགས་ནས་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སློབ་གསོར་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། ད་ཆ་བོད་དུ་ཅུང་ཆ་ཚང་བའི་དེང་རབས་ཀྱི་སློབ་གསོའི་མ་ལག་བཙུགས་ཡོད་པ་དང་ལས་རིགས་སློབ་གསོའི་སློབ་གཉེར་ཁྱད་ཆོས་མངོན་གསལ་དོད་ལ་རྣམ་པ་སྣ་ཚོགས་ཡོད། དེ་དང་ཆབས་ཅིག་སློབ་གྲྭ་དང་ཁེ་ལས་མཉམ་ལས་དང་ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་བྱས་པ་བརྒྱུད། ལས་རིགས་དཀྱུས་མའི་སློབ་བསྡུའི་བསྡུར་གྲངས་ལེགས་སུ་བཏང་ནས་ལས་རིགས་སློབ་གསོའི་འཕར་ཚད་འཕར་བ་དང་སྤུས་ཚད་མཐོ་རུ་ཕྱིན་ནས་བོད་ཀྱི་སློབ་གསོ་རྒྱལ་ཡོངས་དང་མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། དེ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད”ཅེས་བཤད།

    2021ལོ་ནས་བཟུང་རིམ་རྩིས་བྱས་ན། མཛེས་སྡུག་སྡོད་མལ་གྲོང་ཚོ་300བསྐྲུན་པ་དང་མཛེས་སྡུག་སྡོད་མལ་དཔེ་སྟོན་གྲོང་ཚོ་505འཛུགས་གཏོད་དང་ངོས་འཛིན་བྱས་པ་དང་། ཚད་གཞི་མཐོ་བའི་ས་ཞིང་བསྐྲུན་ནས་ཞིང་འཕྲུལ་གྱིས་ཞིང་ས་སློག་པའི་ལས་དོན་སྤེལ་བ། རྒྱལ་ཁབ་རིམ་པའི་སྒོ་ཕྱུགས་ཁྱིམ་བྱ་གསོ་ཚགས་ཚད་ལྡན་ཅན་གྱི་དཔེ་སྟོན་འཛུགས་གཏོད་བྱ་ཡུལ་བསྐྲུན་ནས་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཤང་གྲོང་ཚང་མར་ཁྱབ་ཡོད”ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྐང་གཉིས་ཤང་ལུག་སྨུག་གྲོང་ཚོའི་ཡུལ་མི་ཉི་མ་ཚེ་རིང་གིས་རྒྱབ་ཤ་དཀར་པོའི་དེབ་སློབ་སྦྱོང་བྱས་རྗེས། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པ་དང་ཤེས་དཔལ་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་གཏོད་རྒྱུ་དེ་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་བ་དང་ཆབས་ཅིག སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་ཁར་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་བདེ་སྐྱིད་སྡོད་མལ་གྱི་ཤང་གྲོང་དང་གྲོང་ཚོ་ཨུ་ལྷན་རིམ་བཞིན་བསྐྲུན་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ལོ་རེ་བཞིན་མང་དུ་ཕྱིན་པ། སྡོད་ཁང་སྔར་བས་དཀར་ཆ་དོད་པ། འཚོ་བ་སྔར་བས་ལེགས་སུ་ཕྱིན་ཡོད། ལོ་ཤས་སོང་རྗེས་བོད་ཀྱི་གྲོང་གསེབ་སྔར་བས་མཛེས་སྡུག་ལྡན་པ་དང་། སྔར་བས་ཞི་མཐུན། སྔར་བས་གསོན་ཤུགས་ལྡན་པ་བཅས་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་སེམས་འགུལ་ཐེབས་བཞིན་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།