དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 2023ལོའི་ཀྲུང་གོའི་ལུས་རྩལ་ཡུལ་སྐོར་སྤུས་དག་རྣམ་གྲངས་དང་ཀྲུང་ཧྭའི་ལུས་རྩལ་རིག་གནས་ཀྱི་ཕུལ་བྱུང་རྣམ་གྲངས་ནང་མཚོ་སྔོན་གྱི་རྣམ་གྲངས་11ཚུད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-11-11

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་8ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ལུས་རྩལ་རིག་གནས་འཕེལ་རྒྱས་ལྟེ་གནས་ཀྱིས་ཡོངས་བསྒྲགས་བྱས་པའི“2023ལོའི་ཀྲུང་གོའི་ལུས་རྩལ་རིག་གནས་ཀྱི་ཕུལ་བྱུང་རྣམ་གྲངས”དང“2023ལོའི་ཀྲུང་ཧྭའི་ལུས་རྩལ་རིག་གནས་ཀྱི་ཕུལ་བྱུང་རྣམ་གྲངས”ནང་ཚུད་པའི་མིང་ཐོར་མཚོ་སྔོན་གྱི་རྣམ་གྲངས་11བདམས་ཐོན་བྱུང་བ་དེ་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་ཡུལ་སྐོར་རིག་གནས་མཉམ་འདྲེས་འཕེལ་རྒྱས་ཀྱི་གྲུབ་འབྲས་གང་ལེགས་མངོན་ཡོད།

    བདམས་ཐོན་བྱུང་བའི་མཚོ་སྔོན་ཞིང་ཆེན་གྱི་རྣམ་གྲངས་ནང་། མདོ་པ་རྒྱལ་ཁབ་ས་མཐོའི་ལུས་རྩལ་སྦྱོང་བརྡར་རྟེན་གཞི་དང་མཚོ་སྔོན་པོ་སྐོར་བའི་ལུས་རྩལ་ཡུལ་སྐོར་ཐོན་ལས་རྟེན་གཞི“2023ལོའི་ཀྲུང་གོའི་ལུས་རྩལ་རིག་གནས་ཀྱི་ཕུལ་བྱུང་རྣམ་གྲངས”ཀྱི་མཛེས་ལྗོངས་ཁུལ་ལ་བདམས་པ་དང་། མཚོ་བོད་ས་མཐོའི་མཁའ་ལམ་སྐོར་བའི་སྒེར་འཁོར་ལམ་ཐིག་དང་། “ཚྭ་འདམ་གཤོངས་སར་སྐྱོད་པའི”རྩེར་སོན་སྒེར་འཁོར་ལམ་ཐིག མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ཚ་གཡོལ་སྤྲོ་འཕེལ་ལམ་ཐིག་བཅས“2023ལོའི་ཀྲུང་གོའི་ལུས་རྩལ་ཡུལ་སྐོར་གྱི་རྩེར་སོན་རྣམ་གྲངས”ཀྱི་ལམ་ཐིག་ལ་བདམས་པ། མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་དང་། མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུ་སྒྲོལ་བའི་མཐར་ཟད་འགྲན་སློང་འགྲན་བསྡུར། མཚོ་ཤར་གྲོང་ཁྱེར་བ་ཡན་ཧུད་རིགས་རང་སྐྱོང་རྫོང་གི་མི་རིགས་སྲོལ་རྒྱུན་མདའ་འཕེན་རྩེར་སོན་འགྲན་བསྡུར་དང་ས་མཐོའི་རྒྱལ་སྤྱིའི་ཤོག་བྱའི་གདན་ཞུས་འགྲན་བསྡུར་བཅས“2023ལོའི་ཀྲུང་གོའི་ལུས་རྩལ་རིག་གནས་ཀྱི་རྩེར་སོན་རྣམ་གྲངས”ཀྱི་འགྲན་བསྡུར་ལ་བདམས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།