གོ་ལ་ཧྲིལ་པོའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་ཀྲུང་གོ་ཞི་བའི་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན་ལྷོ་ཨ་ཧྥེ་རི་ཁར་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་གཡོད་ཧན་ནེ་སི་པའོ་ནས་ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། 2023ལོའི་གོ་ལ་ཧྲིལ་པོའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་ཀྲུང་གོ་ཞི་བའི་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན་ལྷོ་ཨ་ཧྥེ་རི་ཁའི་གྲོང་ཁྱེར་གཡོད་ཧན་ནེ་སི་པའོ་རུ་འཚོགས་ཤིང་། ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“‘གོ་གཉིས་ལོའི་ཐུན་མོང་ངོས་འཛིན’མཐའ་འཁྱོངས་བྱས་ནས་ཀྲུང་གོའི་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་སྔ་ཙམ་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས”ཞེས་པ་དེ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གོ་ཞི་བའི་གཅིག་གྱུར་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སུའུ་ཧུའེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
སུའུ་ཧུའེ་ཡིས་ནན་བཤད་གནང་དོན། ངོགས་གཉིས་གཅིག་གྱུར་ཡོང་བ་བྱེད་པ་ནི་དུས་ཀྱི་འཁོར་ཕྱོགས་དང་མི་སེམས་གཏད་ས་ཤིག་རེད་ལ། ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་གནས་ས་ཡིན་པས་མི་སུ་འདྲ་ཞིག་དང་ཕྱོགས་གཏོགས་གང་རུང་ཞིག་གིས་འགོག་ཐབས་བྲལ་ཡོད། “ཐའེ་དབན་རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་འཐབ་རྩོད་རླབས་པོ་ཆེའི་ཁྲོད་དུ་རྒྱ་ཆེའི་སྤུན་ཟླ་ཤང་ཀང་བ་དང་། ཨའོ་མོན་བ། ཐའེ་དབན་བ། ཕྱིར་སྡོད་སྤུན་ཟླ་བཅས་ཀྱིས་མི་རིགས་ཀྱི་བདེན་དོན་མཐའ་འཁྱོངས་ཀྱིས་དངོས་སུ་ཞུགས་པ་དང་། ཡང་དག་པའི་འགྲོ་ལམ་བརྟན་སྲུང་། གནོན་ཤུགས་ལ་མི་སྐྲག་པ་བཅས་བྱས་ཏེ་མེས་རྒྱལ་ཞི་བའི་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད། དུས་བབ་གསར་པ་དང་འགྲན་སློང་གསར་པའི་མདུན་དུ“རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་ལུགས་མཐུན་རང་བཞིན་དང་དྲང་བདེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་དང་ཐེ་ཇུས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྩ་དོན་རང་བཞིན་དང་སྐབས་བསྟུན་རང་བཞིན་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ངོགས་གཉིས་སྤེལ་རེས་མཉམ་ལས་བྱེད་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་པ། ཕྱི་ཕྱོགས་སུ་བརྒྱུད་བསྒྲགས་སྤེལ་རེས་བྱེད་པའི་དངོས་ཕན་རང་བཞིན་དང་གནད་སྨིན་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ། “རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཀྱི་རྒྱ་ཁྱབ་རང་བཞིན་དང་འཐུས་ཚབ་རང་བཞིན་ལ་མཐོང་ཆེན་ཧུར་ཐག་བཅས་བྱས་ནས་གོ་ལ་ཧྲིལ་པོས“རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་ལས་འགུལ་གཏིང་ཟབ་སྤེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་དགོས།