དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ལྗོངས་སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་གྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཧྲང་ཧའེ་རུ་བདེ་བླག་ངང་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-11

    ཚེས་7ཉིན་གྱི་ཕྱི་དྲོར། བོད་ལྗོངས་སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ(གཤམ་དུ“སྐྱིད་གྲོང་མཐའ་མཚམས་མཉམ་ལས་ཁུལ”ཞེས་བསྡུ་རྒྱུ)གྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཧྲང་ཧའེ་རུ་བདེ་བླག་ངང་འཚོགས་པ་རེད། པེ་ཅིང་དང་། ཧྲང་ཧའེ། ཤང་ཀང་། བོད་ལྗོངས་སོགས་ཀྱི་ཁེ་ལས་100ལྷག་ཙམ་གྱི་འཐུས་མི་འོས་སྦྱོར་ངོ་སྤྲོད་ཚོགས་འདུར་ཞུགས་ཡོད་པ་རེད། འོས་སྦྱོར་ངོ་སྤྲོད་ཚོགས་འདུའི་ཐོག་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་དང་རྣམ་གྲངས་ལ་གན་རྒྱ་འཇོག་པའི་མཛད་སྒོ་གཉེར་བ་དང་དཀར་ཆུའི་ཐོན་རྫས་ལས་སྣོན་དང་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་རྣམ་གྲངས་3ལ་གན་རྒྱ་བཞག་པ་དང་གན་རྒྱའི་མ་དངུལ་སྒོར་དུང་ཕྱུར་2ཙམ་ཟིན་ཡོད།

    འོས་སྦྱོར་ངོ་སྤྲོད་ཚོགས་འདུས་སྐྱིད་གྲོང་མཐའ་མཚམས་མཉམ་ལས་ཁུལ་གྱི“ལྟེ་བ་གཅིག་དང་། ཚོགས་པ་གསུམ། མཚམས་ཚིགས་མང་པོ”བཅས་ཀྱི་སྤྱི་ཡོངས་བཀོད་པའི་གྲུབ་ཆ་དང་མ་འཇོག་མདུན་ལམ་ཆེ་བ་དང་། ཚོང་གཉེར་ཁོར་ཡུག་བཟང་བ། སྲིད་ཇུས་ཀྱི་ཕན་པ་མང་བ་བཅས་ཀྱི“མངོན་གསལ་དོད་པའི་ལེགས་ཆ་ཆེ་གྲས་གསུམ”ལ་དམིགས་ནས་གཙོ་གནད་ཐོག་འོས་སྦྱོར་ངོ་སྤྲོད་བྱས་ཏེ། ལས་རིགས་ཁག་གི་གྲོགས་པོ་ཚོ་སྐྱིད་གྲོང་ལ་ཡུལ་སྐོར་སྤྲོ་འཆམ་དུ་ཕེབས་པ་དང་། མ་འཇོག་བྱ་གཞག་གཏོད་པ། འཕེལ་རྒྱས་མཉམ་དུ་དོན་གཉེར་བཅས་བྱེད་པར་གདན་དྲངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།