དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནུས་ཤུགས་ཡོད་རྒུས་དམངས་ཀྱི་དཀའ་ངལ་བསལ་ནས་བྱ་བ་དངོས་སྒྲུབ་པ།

    ནག་ཆུ་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ནས་དམངས་ལ་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-11

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་། ནག་ཆུ་གྲོང་ཁྱེར་གྱིས་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་དམངས་ཆེད་ཀྱི་དམིགས་ཡུལ་ལག་ལེན་བསྟར་ནས་མང་ཚོགས་ཀྱི་བྱ་བ་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་སྒྲུབ་པ་དང་། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ། རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོས་མི་དམངས་ལ་དྲོ་སྐྱིད་སྦྱིན་ཡོད།

    མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་བྱ་བར་དམིགས་ཏེ་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབས་ཤིང་། ནག་ཆུ་གྲོང་ཁྱེར་གྱིས་ལྗོངས་ཕྱིའི་ལས་ཞུགས་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། མངགས་ཐོའི་རྣམ་པའི་ཐོག་ནས་ལྗོངས་ནང་ཁུལ་གྱི་ལས་གནས་འཚོལ་བསྡུ་བྱེད་པ། གནད་སྨིན་ངང་ལས་ཞུགས་གསོ་སྦྱོང་བྱེད་པ། ལས་ཞུགས་མཁོ་སྤྲོད་ལས་སྟེགས་སྐྲུན་པ་སོགས་ལ་རྒྱུན་མཐུད་ཤུགས་བརྒྱབ་སྟེ“སྲིད་གཞུང་གིས་ལས་སྟེགས་སྐྲུན་པ་དང་། ཁྲོམ་རས་སྣེ་ཁྲིད། མི་སྒེར་ཞུགས་པ”བཅས་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་ལྗོངས་ཕྱི་ནང་གི“ཁྲོམ་ར་གཉིས”སྤྱི་འདོམས་ཀྱིས་དྲ་ཐོག་དང་དྲ་ཕྱི་དང“ཐད་གཏོང་ལས་གནས་ངོ་སྤྲོད”སོགས་ཀྱི་བྱེད་སྟངས་སྣ་ཚོགས་བརྒྱུད། ལས་ཞུགས་ལས་གནས་15175འཚོལ་བསྡུ་དང་འོས་སྦྱོར་བྱས་ནས་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མར་མཁོ་འདོན་བྱས་ཡོད། མིག་སྔའི་བར་ནག་ཆུའི་2023ལོའི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་3317ནང་ནས་3263ལས་ཞུགས་ཐུབ་པ་དང་ལས་ཞུགས་ཐུབ་ཚད་98.37%ཟིན་ཡོད།

    མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་བྱ་བར་དམ་འཛིན་བྱས་ནས་ཡིག་འབུལ་ཞུ་བཅར་ཐད་ཀྱི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་ཡག་པོ་བྱས་ཤིང་། ནག་ཆུ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་གནས་བབ་ཨང་དང་པོར་བཞག་ནས། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འགོ་ཁྲིད་ལས་བྱེད་པས་ཞུ་བཅར་དང་ལེན་བྱས་ཏེ་འགལ་ཟླ་དང་རྩོད་གཞི། ཡིག་འབུལ་ཞུ་བཅར་གྱི་གནད་དོན་སྣ་ཚོགས་གྲལ་བཤེར་ཧུར་ཐག་དང་བསལ་ཡོད་པ་རེད། གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱིས་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་གཙོ་བོ་གཙང་ལེན་སྒྲུབ་གཉེར་བྱས་ཏེ། ཡིག་འབུལ་ཞུ་བཅར་གྱི་དཀའ་གནད་དང་དོགས་གནད་སེལ་བའི་ལས་དོན་ཏང་སྲིད་ཀྱི་ལྟ་བཤེར་དང་སྒྲིག་ཨུད་ཀྱི་ཏང་སྲོལ་སྲིད་སྲོལ་ལྟ་བཤེར་གྱི་གཙོ་གནད་ནང་དོན་གྲས་སུ་བཅུག་ཁར། དྲ་ཐོག་ནས་སྒྲུབ་སྐུལ་དང་། ཁ་པར་ནས་སྒྲུབ་སྐུལ། ས་གནས་ས་ཐོག་ནས་སྒྲུབ་སྐུལ། སྒོ་བྱང་བཀལ་ནས་སྒྲུབ་སྐུལ། ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་དང་ལྟ་ཞིབ་སོགས་ཀྱི་བྱེད་སྟངས་ཐོག་ནས་ཡིད་འབུལ་ཞུ་བཅར་གྱི་གྱོད་གཞི་དུས་ཐོག་ཏུ་སེལ་བར་སྐུལ་འདེད་བཏང་ཞིང་། མིག་སྔར་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་སྣ་ཚོགས་ཁྱོན་53ཐག་གཅོད་བྱས་ཡོད།

    མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་དོན་དག་ལ་དམིགས་ནས་དམངས་ཕན་དམངས་བདེའི་བྱ་བ་དངོས་ཡག་པོ་བསྒྲུབས་ཤིང་། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲོག་ཁུལ་གྱི་བུད་མེད་མང་ཚོགས་དང་། དཀའ་ངལ་ཡོད་པའི་མང་ཚོགས། དམིགས་བསལ་ཚོགས་སྤྱི་བཅས་ལ“སྨན་སྐྱེལ་བ་དང་། སྨན་བཅོས་བྱེད་པ། ཞབས་འདེགས་ཞུ་བ”བཅས་བྱས་ནས་སྒོར་ཁྲི་3ལྷག་ཙམ་རི་བའི་སྨན་རྫས་དང“སེམས་དྲོད་ཁུག་མ”སྤྲད་པ་དང་། བུད་མེད་གྱི་ཐང་ཆེན་ཞབས་བྲོའི་མཐུན་འབྲེལ་བྱེད་སྒོ་སྤེལ་བ། ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ་སྤེལ་བ། བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་བཅས་བྱས་ཡོད། གསེར་རྙེད་ཆུས་ཀྱིས་ལས་ཐོག་ཏང་ཡོན་གྱི“འབྱོར་ཐོ་འགོད་པ་གཉིས”དེ་གཙོ་གནད་ལས་འགན་ལ་བརྩིས་ནས“མང་ཚོགས་ཀྱིས་རེ་བ་འདོན་པ་དང་། རྩ་འཛུགས་ཀྱིས་རེ་འདུན་གསལ་ཐོ་འདོན་པ། ཏང་ཡོན་གྱིས་རེ་འདུན་སྒྲུབ་པ”བཅས་ཀྱི་རྣམ་པར་དམིགས་ནས་དང་བླངས་ཞབས་ཞུ་ཐེངས་38བསྒྲུབས་པར་ཏང་ཡོན་120ལྷག་ཙམ་ཞུགས་པ་དང་། མང་ཚོགས་མི་ཐེངས་650ལྷག་ཙམ་ལ་ཞབས་འདེགས་ཞུས་པ། དཀའ་ངལ་སྣ་ཚོགས་64བསལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།