བསམ་གྲུབ་རྩེ་ཆུས་ཀྱིས“ཚད་གཞི་ལྔར”བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་པར་བྱས་པ།
འདི་ནི་གཞིས་རྩེ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་ཁྲེན་ཀང་གིས་མི་རིགས་མཐུན་སྒྲིལ་གྱི་པར་རིས་འགྲེམས་སྟོན་ལ་ལྟ་བཞིན་པ།
འདི་ནི་བསམ་གྲུབ་རྩེ་ཆུས་ཀྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བཞིན་པ།
འདི་ནི་བསམ་གྲུབ་རྩེ་ཆུས་ཀྱི་རྒན་རྒོན་བཟའ་བཏུང་ཞབས་ཞུའི་ས་ཚིགས་ཡིན་པ།
འདི་ནི་བསམ་གྲུབ་རྩེ་ཆུས་ཀྱི“མཉམ་དུ་ཕུགས་འདུན་གཏོད་པ་དང་འབྱུང་འགྱུར་ལ་ཕྱོགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི”གཞོན་ནུ་ལོ་ཆུང་གི་གཏམ་བཤད་འགྲན་བསྡུར་གྱི་མཐའ་བསྡུར་བྱ་ཡུལ་དུ་འགྲན་ཞུཌ་པ་ཚོས་མཉམ་པར་རྒྱག་བཞིན་པ།
འདི་ནི་བསམ་གྲུབ་རྩེ་ཆུས་ཀྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་ཡིག་གཟུགས་དང་། རི་མོ། པར་ལེན་བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན་བྱེད་བཞིན་པ།
འདི་ལོ་ཚུན། བསམ་གྲུབ་རྩེ་ཆུས་ཀྱིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས། ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་མཐའ་འཁྱོངས་བྱེད་པ་དང་། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”པའི་སྤྱིའི་དམིགས་ཚད་ལ་དམིགས་པ། སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་སྔར་བས་དམ་འཛིན་ནན་པོ་བྱེད་པ། “ཚད་གཞི་ལྔར”བརྟེན་ནས“འཛུགས་གཏོད་བཞིར”སྐུལ་འདེད་ཧུར་ཐག་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་རིང་རྩེ་གྲ་གཏོད་པ་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པ། “བྱེད་ཕོད་པ་བཞིའི”བླང་བྱ་ལག་བསྟར་ཤུགས་ཆེན་བཅས་བྱས་ནས། དཔལ་འབྱོར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ། སྤྱི་ཚོགས་བརྟན་ལྷིང་། དམངས་འཚོ་བདེ་སྐྱིད་བཅས་ཀྱི་འཆམ་མཐུན་གྱི་རྣམ་པ་ཞིག་བཏོད་ཡོད།
ཚད་གཞི་མཐོ་པོས་འཛུགས་གཏོད་དོན་འཁྱོལ་དང་མི་རིགས་མཐུན་སྒྲིལ་གྱི་རྩ་བ་བརྟན་དུ་བཏང་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ།
འགན་འཁྲི་ནན་དུ་བཏང་ཞིང་། 《2023ལོའི་ལོ་འཁོར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛུགས་གཏོད་ལས་ཀའི་ལག་བསྟར་ཇུས་གཞི་དང་2023ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛུགས་གཏོད་ལས་ཀའི་གཙོ་གནད》བཀྲམ་སྟེ། རིམ་ཁག་ཏང་རྩ་འཛུགས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས། འཛུགས་གཏོད་ལས་དོན་ཚད་ལྡན་ངང་སྤེལ་བ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བར་འགན་ལེན་ནུས་ལྡན་བྱས་ཡོད། འདི་ལོ་ཚུན་བཀོད་སྒྲིག་ཚོགས་འདུ་དང་། སྐུལ་སྤེལ་ཚོགས་འདུ། བཀོད་གཏོང་ཚོགས་འདུ་བཅས་ཐེངས་10ལྷག་ཙམ་འཚོགས་པ་རེད། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དེ་ཤུགས་རྒྱག་སར་བྱས་ནས་ཐུན་མོང་ངོས་འཛིན་གཅིག་ཏུ་འདུས་ཏེ། འཛུགས་གཏོད་བྱེད་སྒོ་ཁག་ཐབས་ལམ་མང་བ་དང་། ཕྱོགས་ཡོངས། རིམ་པ་མང་བ་བཅས་ཀྱི་སྒོ་ནས་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། མིག་སྔའི་བར། གསོ་སྦྱོང་འཛིན་གྲྭ་ཐེངས་5གཉེར་ནས་མི་རིགས་མཐུན་སྒྲིལ་སྲིད་ཇུས་ཀྱི་ཆེད་དོན་ཚོད་རྒྱུགས་ཐེངས་3བཏང་བར་མི་ཐེངས་1700ལྷག་ཙམ་ཞུགས་པ་དང་མི་རིགས་མཐུན་སྒྲིལ་གྱི་འཆད་ཁྲིད་ཐེངས་4འཚོགས་པར་མི་ཐེངས་1400ལྷག་ཙམ་ཞུགས་ཡོད།
རིག་གནས་ཀྱི་ཁྲིད་སྟོན་ཡག་པོ་བྱེད་པ་དང་མི་རིགས་མཐུན་སྒྲིལ་གྱི་ཡིད་དབང་འཕྲོག་ཤུགས་ཆེ་རུ་བཏང་ནས་རྣམ་པ་ཟབ་མོ་བཏོད་པ།
མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སྒྲོམ་སྟེགས་དང་རིག་གནས་ཁྱམས་རིང་བཟོས་པ་དང་། བརྙན་ཐུང་བསྟན་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་ཐང་ཆེན་1དང་གྲོང་ལྷན་གྱི་རིག་གནས་ཐང་ཆེན་2བསྐྲུན་པ། བྱེད་སྒོ་སྤེལ་བའི་གྲོས་འགོ་6བཏོན་པ། ཆེད་དོན་བརྙན་ཐུང་1བཟོས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་སློབ་གསོའི་རྟེན་གཞི་3བསྐྲུན་ནས་མི་ཚང་མས་མཐུན་སྒྲིལ་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱས་ཏེ། མི་རིགས་མཐུན་སྒྲིལ་འཛུགས་གཏོད་ཀྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་ཡོད། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཞིང་། སྨྱན་སྦྱོར་གསར་པར་བརྟེན་ནས་དྲིལ་བསྒྲཌ་ཡག་པོ་བྱས་པ་དང་། “མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲཌ་ཆེད་བསྒྲིགས”ལེ་ཚན་བཏོད་པ། གཞུང་ལས་ཐོག་ཁང་དང་། ཤང་ཁག་གི་གཞུང་ལམ་གཙོ་བོའི་མངོན་གསལ་དོད་ས། སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚུགས་སོགས་སུ་དྲིལ་བསྒྲགས་འགྲེམས་པང་བཟོས་པ་དང་། དྲིལ་བསྒྲགས་སྦྱར་ཡིག་སྦྱར་བ། འཕྲེད་འགེལ་ཡི་གེ་200ལྷག་ཙམ་བཀལ་བ། སྐར་ཁུང་ཚན་པ་དང་མི་སྣ་འདུ་འཛོམས་མང་སར་དྲིལ་བསྒྲགས་དཔྱད་ཡིག་1000ལྷག་ཙམ་སྤྲད་ཡོད།
དམངས་འཚོར་བརྩེ་སེམས་ཟབ་མོ་བཅངས་པ་དང་མི་རིགས་མཐུན་སྒྲིལ་གྱི་བླ་སྲོག་བཏོད་དེ་ཕན་ནུས་ཆེར་གཏོང་གིས་བརྟན་ལྷིང་འགན་ལེན་བྱས་པ།
གཞི་རིམ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། “1+6+X”གཞི་རིམ་གྱི་དྲ་མིག་དཔུང་ཁག་གི་རྣམ་པ་སྤྱད་དེ་རྫོང་རིམ་པའི་དྲ་མིག་ལྟེ་གནས་1དང་། ཤང(ཁྲོམ་གཞུང)གི་དྲ་མིག་ལྟེ་གནས་14 གྲོང་ཚོའི(སྡེ་ཁུལ)དྲ་མིག་ལྟེ་གནས་179 ཁུལ་ཆུང(ཁང)སོགས་གཞི་རིམ་གྱི་དྲ་མིག་316བཅས་བཙུགས་ནས། ཁྱོན་ཡོངས་ལ་དྲ་མིག་ཁྱབ་པར་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་དང་བརྟན་ལྷིང་ཡོང་བར་བྱས་ཡོད། སེམས་ནུས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། ཐ་སྐྱོང་སྲིད་ཇུས་དང་དེ་བཞིན་སྡོད་ཁང་དང་། འཐུང་ཆུ། འགྲིམ་འགྲུལ་སོགས་དམངས་འཚོ་འགན་སྲུང་གི་ཀུན་ཕན་རང་བཞིན་གྱི་སྲིད་ཇུས་དོན་འཁྱོལ་བྱས་ནས། མི་རིགས་ཁག་གི་མང་ཚོགས་རྣམས་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ལས་བྱུང་བའི་ཕན་པ་ལོངས་སུ་གང་ལེགས་སྤྱོད་ཐུབ་པ་བྱས་ཡོད། མིག་སྔའི་བར། ལས་འགོ་ཚུགས་པ་དང་བསྐྱར་ཚུགས་ཀྱི་སྲིད་གཞུང་གི་མ་འཇོག་རྣམ་གྲངས་91ཡོད་པ་དང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་8.77བཏང་སྟེ་ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི་83%ལེགས་སྒྲུབ་ཟིན་ཡོད། མ་དངུལ་སྒོར་དུང་ཕྱུར་1.43བཏང་ནས་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་1.68བཏང་བའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། མིག་སྔར། མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་གྲངས་9ལ་ཞིབ་མཆན་བཀོད་ནས་བསྐྲུན་ཟིན་པ་རེད། སེམས་ནུས་ཡོད་རྒུས་དམངས་འཚོར་ཕན་པ་བཏགས་ཤིང་། མ་མཐའི་འཚོ་བའི་འགན་ལེན་དང་། འགན་ལེན་ལྔ། ལས་ཞུགས། སློབ་གསོ་སོགས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དངོས་བཏགས་པ་དང་བྱ་བ་དངོས་བསྒྲུབས་ཡོད། མིག་སྔའི་བར། རིགས་ཁག་གི་ལས་མི་བསྡུ་བའི་འདུ་ཚོགས་ཐེངས་གཉིས་འཚོགས་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་2397ལས་ཞུགས་ཐུབ་པ་དང་། མ་དངུལ་སྒོར་དུང་ཕྱུར་1.47བཏང་ནས་སློབ་གསོའི་ས་བབ་མཐོ་བའི་དྲོད་རླངས་མཁོ་འདོན་རྣམ་གྲངས་ལག་བསྟར་བྱས་ནས་ད་ལྟ་ལས་མཇུག་བསྒྲིལ་ནས་ཞིབ་བཤེར་རྩིས་ལེན་བྱེད་བཞིན་ཡོད། སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་87934ཟིན་པ་དང་། འགན་བཅོལ་ལ་ཞུགས་ཚད་98.24%ཟིན་པ། དམིགས་བསལ་ཚོགས་སྤྱི་འགན་བཅོལ་ལ་ཞུགས་ཚད་100%ཟིན་པ། མ་དངུལ་སྒོར་ཁྲི་20.94བཏང་ནས་ཤང(ཁྲོམ་གཞུང)14རུ“གཞིས་ལུས་བྱིས་པའི་ཁྱིམ་ཚང”བསྐྲུན་པ། མ་དངུལ་སྒོར་ཁྲི་20བཏང་ནས་གྲོང་ཁྱེར་གྱི་ལྷོ་འདབས་དང་བྱང་འདབས་སུ་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་ས་ཚིགས་བཙུགས་ཡོད།
དཔེ་སྟོན་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གང་སར་བཞད་པར་བྱས་ཏེ་སྔོན་ཐོན་གྱི་དཔེ་མཚོན་སྐྱེད་སྲིང་བྱས་པ།
མང་ཚོགས་ཀྱི་ཉེ་འགྲམ་དུ་ལྷག་པའི་སྔོན་ཐོན་དཔེ་མཚོན་དང་མི་སེམས་འགུལ་བའི་གཏམ་རྒྱུད་སྔོག་འདོན་བྱས་ནས་དཔྱད་འདེམས་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་། འདི་ལོ་ནས་བཟུང་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་རིམ་པའི“ཁྱིམ་ཚང་ཡག་ཤོས”དང“གསུམ་བརྒྱད་དར་དམར་བ” “བཟང་པོ་ལྔའི་ཡ་རབས་ཁྱིམ་ཚང་”བཅས་ཀྱི་མི་4དང་གྲོང་ཁྱེར་རིམ་པའི“མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁྱིམ་ཚང”2བདམས་ཡོད། དཔེ་བཟང་འཛུགས་གཏོད་ཀྱི་ལས་དོན་གཏིང་ཟབ་སྤེལ་ཞིང་། མཱ་ཀ་ཏུང་དང་བསོད་གྲགས་སོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁྱིམ་ཚང་གི་མི་སེམས་འགུལ་བའི་གཏམ་རྒྱུད་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད། བསམ་གྲུབ་རྩེ་ཆུས་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོའི་དཔེ་སྟོན་རྫོང(ཆུས)གི་མཚན་སྙན་ཐོབ་པ་དང་། ལྕང་ལྷོ་ཁང་གསར་སྡེ་ཁུལ་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོའི་དཔེ་སྟོན་སྡེ་ཁུལ་གྱི་མཚན་སྙན་ཐོབ་ཡོད། རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པ་3དང་། གྲོང་ཁྱེར་རིམ་པའི་དཔེ་སྟོན་ཚན་པ་11 བསམ་གྲུབ་རྩེ་ཆུས་རིམ་པའི་དཔེ་བཟང་ཚན་པ་71བཅས་བདམས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་3བཙུགས་ཡོད།
ཁྱིམ་གཞིས་མཉམ་དུ་སྐྲུན་པ་དང་མི་རིགས་མཐུན་སྒྲིལ་གྱི་རི་མོ་མཉམ་དུ་བྲིས་ནས། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་བྱས་པ།
དུས་བཀག་ལྟར་རིག་རྩལ་སྐོང་འཁྲབ་དང་། གླུ་གཞས་འགྲན་བསྡུར། ཤེས་བྱ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། གྲངས་ཉུང་མི་རིགས་ཅུང་མང་བའི་སྡེ་ཁུལ་དུ་མི་རིགས་གོམས་སྲོལ་གླིང་དང་དམངས་སྲོལ་རིག་གནས་འགྲེམས་སྟོན་ཁང་སོགས་བཙུགས་ནས་ཏང་གི་མི་རིགས་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱེད་པ་དང་། གཞོན་ནུ་ལོ་ཆུང་གི་གཏམ་བཤད་འགྲན་བསྡུར་དང་བསམ་གྲུབ་རྩེ་ཆུས་དང་ཧྲན་ཏུང་ཅའོ་ཀྲོའུ་གྲོང་ཁྱེར་ལི་ཀོ་ཀྲོང་ཧང་ཝེན་སློབ་ཆུང་དབར“འཕྲིན་ཡིག་ལ་བརྟེན་ནས་འབྲེལ་བ་བྱེད་པ”སོགས་ཀྱི་བྱེད་སྒོ་སྤེལ་ནས། སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ཞིང་། མི་རིགས་ཁག་གི་སྲོལ་རྒྱུན་དུས་ཆེན་དང་རིག་གནས་ཀྱི་ནང་དོན་ལ་མྱོང་རོལ་ཟབ་མོ་བྱས་ནས་མཉམ་དུ་དུས་ཆེན་བཏང་ཏེ་འཆམ་མཐུན་ལ་སྐུལ་འདེད་བཏང་བ་རེད། གནམ་ལོ་གསར་ཚེས་དང་། བོད་ཀྱི་ལོ་གསར། 3·8རྒྱལ་སྤྱིའི་བུད་མེད་དུས་ཆེན། 3·28ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ། “5·1”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སོགས་གོ་སྐབས་སུ་བྱས་ནས། ཤང(ཁྲོམ་གཞུང)དང་གྲོང་ཚོ(སྡེ་ཁུལ)ཁག་ཏུ་མང་ཚོགས་རང་བཞིན་གྱི་རིག་རྩལ་སྐོང་འཁྲབ་བྱེད་སྒོ་སྤེལ་བ་དང་། གྲོང་གསེབ་ཏུ་འཁྲབ་སྟོན་ཐེངས་700ལྷག་ཙམ་བྱས་པ་དང་ལྟད་མོ་བ་མི་ཐེངས་ཁྲི་2.2ལྷག་ཙམ་ཟིན་པ་རེད། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་2དང་། གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་17དང་རྒྱུན་འཛིན་པའི་འཐུས་མི་17 གྲོང་ཁྱེར་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་ཁག་གསུམ་པ་1བཅས་རེ་ཞུ་ཐུབ་པས་བསམ་གྲུབ་རྩེ་ཆུས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ནུས་ལྡན་ཕྱིན་ཡོད།
(གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་བརྗོད་དོན་གཙོ་བོའི་སློབ་གསོའི་གཞུང་དོན་ཁང་ནས་མཁོ་འདོན་བྱས)