དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་ལྷོ་ཀྲོའུ་ཡི་ཏང་ཡོན་8000ལྷག་ཙམ་སྡེ་ཁུལ་དུ་མང་ཚོགས་ལ་ཞབས་འདེགས་ཞུ་བར་བསྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-10

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ལས་བྱེད་པར་སློབ་གསོ་ཐེབས་པ་དང་མང་ཚོགས་ལ་ཕན་པ་དངོས་འཐོབ་པའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་རེ་སྒུག་ཆེ་ཤོས་དང་། དོ་ཁུར་ཆེ་ཤོས། དགོས་གཏུགས་ཆེ་ཤོས་བཅས་ཀྱི་གནད་དོན་ནས་འགོ་བཙུགས་ཏེ་ཏང་ཡོན་8000ལྷག་ཙམ་སྒྲིག་འཛུགས་བྱས་ནས་ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་སྐྱོད་པའི་ལག་ལེན་བྱེད་སྒོ་སྤེལ་ཞིང་། ལས་ཐོག་ཏང་ཡོན་རང་ངོས་ཀྱི་ལེགས་ཆ་གང་ལེགས་འདོན་པ་དང་། ཞབས་འདེགས་ཞུ་རྒྱ་ཆེ་རུ་གཏོང་བ། ཞབས་ཞུའི་རྣམ་པ་ལེགས་སུ་གཏོང་བ་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དམངས་ལ་ཞབས་འདེགས་ཞུ་བའི་གྲུབ་འབྲས་སུ་བསྒྱུར་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།

    “ཐག་ཉེ་སར་སྟབས་བདེ་བ་དང་། དགོས་མཁོ་དང་མཐུན་པ། སྤྱི་ཡོངས་དོ་མཉམ”བཅས་ཀྱི་རྩ་དོན་ལྟར། མཚོ་ལྷོ་ཀྲོའུ་ཡིས་སྡེ་ཁུལ་གྱི་མཉམ་སྐྲུན་ཚན་པ་56ལེགས་སྒྲིག་བྱས་ཏེ་སྙན་སེང་འབྲེལ་གཏུག་དང་། ཆ་འཕྲིན་འབྲེལ་མཐུད། ནུས་པ་འདོན་པ། འབྲེལ་མཐུད་ཕྱིར་སྐྱེལ། དང་བླངས་ཞབས་ཞུ་བཅས་ཀྱི་ལས་ཀའི་ལམ་སྲོལ་ཁག་5དུས་ཐོག་ཏུ་བཙུགས་པ་དང་འཐུས་ཚང་དུ་བཏང་ཞིང་། རིམ་ཁག་ཏང་རྩ་འཛུགས་དང་ལས་ཐོག་ཏང་ཡོན་གྱི་འགན་འཁྲི་དང་ལས་འགན་ཞིབ་ཕྲ་ཁ་གསལ་བཟོས་ནས་སྡེ་ཁུལ་དུ་འབྱོར་ཐོ་བཀོད་དེ་ཞབས་འདེགས་ཏན་ཏིག་དང་ཞིབ་ཚགས་ཞུ་བར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་ཏང་རྩ་འཛུགས་401དང་ལས་ཐོག་ཏང་ཡོན་8265ཡིས་སྡེ་ཁུལ་དུ་དང་བླངས་ཞབས་འདེགས་ཐེངས་11000ལྷག་ཙམ་ཞུས་པ་དང་འབྲེལ་ལས་ཐོག་ཏང་ཡོན་གྱི་འཇོན་པའི་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ཏེ་ཀྲོའུ་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་དྲ་མིག་2227བཙུགས་པ་དང་ཆེད་བསྐོས་ལས་འགན་གཅིག་ལྕོགས་འཁུར་བའི་དྲ་མིག་ཅན་གྱི་དོ་དམ་པ་2761བཀོད་སྒྲིག་བྱས་པས་གཞི་རིམ་བཅོས་སྐྱོང་ལ་གསོན་ཤུགས་གསར་པ་བསྣན་ཡོད་པ་རེད།

    ལས་ཐོག་ཏང་ཡོན་གྱིས་སྡེ་ཁུལ་དུ་འབྱོར་ཐོ་བཀོད་དེ་རང་འགུལ་ངང་སྲིད་ཇུས་ཀྱི་སྒྲོག་འགྲེལ་བ་དང་། འགལ་ཟླ་འདུམ་འགྲིག་པ། མང་ཚོགས་ཀྱི་ཞབས་ཞུ་བ་བཅས་ཧུར་ཐག་བྱས་ཤིང་། རང་མོས་ངང་ལས་འདེམས་རྩིས་ལེན་གྱི་ཞབས་འདེགས་ཞུས་ཏེ་སྲིད་ཇུས་སྒྲོག་འགྲེལ་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་སོགས་ཀྱི་ལས་དོན་ཙག་ཙིག་བསྒྲུབས་པ་མ་ཟད། སྡེ་ཁུལ་ཏང་རྩ་འཛུགས་ཀྱི་བྱེད་སྒོར་ཧུར་ཐག་ཞུགས་ཏེ་རང་འགུལ་ངང་རོགས་སྐྱོར་དང་ཁ་དན་ཚིག་གནས་ཀྱི་རོགས་སྐྱོར་དཀའ་སེལ་དང་མཁྲེགས་འགྱུར་སྔོ་འགྱུར་སོགས“དོན་དག་ཆུང་ཙག”652སྒྲུབ་པའི་ཁས་བླངས་པ་དང་། གཟིགས་སྐྱོང་ཞབས་འདེགས་དང་དམངས་ཕན་དཀའ་སེལ་སོགས་གྲོང་མིའི་བསམ་འདུན་ཆུང་ཙག་ཁག་1456རང་འགུལ་ངང་རྩིས་བླངས་ཡོད། “ལས་དོན་ཆུང་ཙག”སྒྲུབ་འགན་འཁུར་བ་དང“དོན་དག་ཆུང་ཙག”སྒྲུབ་པའི་ཁས་ལེན། “བསམ་འདུན་ཆུང་ཙག”གསལ་སྟོན། “གྲོས་འགོ་ཆུང་ཙག”འཚོལ་སྡུད་བཅས་ཆུང་ཙག་བཞིའི་ཞབས་འདེགས་ཧུར་ཐག་ཞུས་ནས་ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་འབྱོར་ཐོ་བཀོད་དེ་ལས་སྒྲུབ་ཕན་འབྲས་ཆེ་རུ་ནུས་ལྡན་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།