དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་དུ་ཡོད་པའི་གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཀྱི་ཁྱུ་ཚོགས་རབ་གྲས་བརྒྱའི་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-11-10

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་ཡོངས་བསྒྲཊ་བྱས་པའི་2023ལོའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས(GII 2023)

    ཀྱི་ནང་རང་རྒྱལ་ཨང་རིམ་12པར་སླེབས་ཤིང་། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཀྱི་ཁྱུ་ཚོགས་རབ་གྲས་བརྒྱའི་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ནས་ཤེས་བྱའི་བདག་དབང་གི་རྒྱལ་ཁབ་ཆེན་པོའི་གནས་བབ་བརྟན་པོ་ཞིག་ཆགས་ཡོད་པ་རེད། འདི་ནི་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཚེས་8ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག་བརྗོད་པ་ཞིག་རེད།

    འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། 2023ལོའི་ཟླ་9པའི་བར་རང་རྒྱལ་ལ་གོ་ཆོད་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་དང་ཚོང་རྟགས་དབང་ཚད་ཁག་ཁྲི་480.5དང་ཁྲི་4512.2སོ་སོར་ཟིན་པ་དང་། 2022ལོར་རྩོམ་དབང་གི་ལོའི་ཐོ་འགོད་བྱེད་ཚད་ཁྲི་635.3ཟིན་ཞིང་། PCTརྒྱལ་སྤྱིའི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་ལོ་4བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད།

    དེ་དང་ཆབས་ཅིག་རང་རྒྱལ་གྱི་ཤེས་བྱའི་བདག་དབང་དངོས་སྒྱུར་དང་བེད་སྤྱོད་བྱེད་ཚད་མུ་མཐུད་མང་དུ་ཕྱིན་ཞིང་། “《ཁེ་བེད་བདག་ཐོབ་དངོས་སྒྱུར་དང་བེད་སྤྱོད་ཀྱི་ཆེད་དོན་བྱ་སྤྱོད་ཇུས་གཞི(2023ལོ་ནས་2025ལོ་བར)》བཟོས་ནས་ལག་བསྟར་བྱས་པ་དང་། ཁེ་བེད་བདག་ཐོབ་ཀྱི་ཆོག་འཐུས་སོགས་ཀྱི་ལམ་ལུགས་མགྱོགས་མྱུར་དོན་འཁྱོལ་བྱས་ཡོད” ཁེ་བེད་བདག་ཐོབ་མང་འདུས་ཅན་གྱི་ཐོན་ལས་དང་དཔར་དབང་ཐོན་ལས་ཀྱི་འཕར་ཐང་གིས་GDPཡི་བསྡུར་གྲངས་ནང12.44%དང་7.41%སོ་སོར་བཟུང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་ཅེས་འགན་འཁུར་བ་དེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།