དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་རྡོ་སྣུམ་རྫས་འགྱུར་དང་ཁ་ཐར་ནུས་རྒྱུ་ཀུང་སིས་སླར་ཡང་མཉམ་ལས་ཀྱི་མངགས་ཐོ་ཆེན་པོར་གན་རྒྱ་བཞག་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་དང་ཁ་ཐར་ནུས་རྒྱུ་ཀུང་སིས་ནུབ་རྒྱུད་རླངས་ཞིང་གི་ནུས་སྐྱེད་རྣམ་གྲངས་ཀྱི་དུས་ཐེངས་གཉིས་པའི་གཞི་གཅིག་ཅན་གྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། དེའི་ནང་དུས་ཡུན་ལོ་27གྱི་གཤེར་གྱུར་རང་བྱུང་སོལ་རླངས་ཡུན་རིང་ཉོ་ཚོང་གི་གྲོས་མཐུན་དང་མ་རྐང་མཉམ་ཞུགས་ཀྱི་གྲོས་མཐུན་ཚུད་ཡོད་པ་རེད།

    གྲོས་མཐུན་ལྟར་ཁ་ཐར་ནུས་རྒྱུ་ཀུང་སིས་ལོ་ལྟར་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ལ་གཤེར་གྱུར་རང་བྱུང་སོལ་རླངས་ཏུན་ཁྲི་300མཁོ་འདོན་བྱ་རྒྱུ་དང་ཆབས་ཅིག ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ལ་མ་དངུལ་མཉམ་བསྡུས་ཀུང་སིའི་རྐང་དབང་5%ནང་བཤུག་གཏོང་རྒྱུ་རེད། གན་འཇོག་མཛད་སྒོ་དེ་ཉིན་གཉེར་བའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པའི་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་གྱི་བརྗོད་དོན་གཙོ་བོའི་གླེང་སྟེགས་ཐོག་གཉེར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།