དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་མཚོ་སྔོན་ཞིང་འབྲོག་ཁུལ་གྱི“གསང་སྤྱོད་གསར་བརྗེར”རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-11-09

    འདི་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་མཛོ་རྒན་རྭ་བ་གྲོང་རྡལ་གྱི་བོད་ཡིག་ལྟེ་བའི་ཞག་སྡོད་ལམ་ལུགས་སློབ་གྲྭར་ལོ་རིམ་ལྔ་པའི་སློབ་མ་དོན་བཟང(གཡས་ཀྱི་དང་པོ)གིས་གསང་སྤྱོད་དུ་ལག་པ་འཁྲུ་བཞིན་ཡོད་ཅིང་། སློབ་གྲྭ་དེ་ནི་ཁོར་ཡུག་འཕྲོད་བསྟེན་གྱི་དམིགས་བསལ་རྣམ་གྲངས་སློབ་གྲྭའི་གྲས་ཤིག་ཡིན་པ་རེད།

    འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཆུས་སན་ཧོ་གྲོང་རྡལ་བདེ་སྐྱིད་ཁྱིམ་གཞིས་སྡེ་ཁུལ་དུ་ཨར་པོ་བ་ཞིག་གིས་ཁོར་ཡུག་སྲུང་སྐྱོང་གི་གསང་སྤྱོད་སྒྲིག་སྦྱོར་བྱེད་བཞིན་པ།

    2021ལོ་ནས་བཟུང་། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་པུའུ་དང་མཉམ་དུ་མཚོ་སྔོན་དུ་ཁོར་ཡུག་འཕྲོད་བསྟེན་གྱི་དམིགས་བསལ་རྣམ་གྲངས་ལག་ལེན་བསྟར་ཞིང་། ཞིང་འབྲོག་ཁུལ་གྱི་སློབ་གྲྭ་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་། སྡེ་ཁུལ་བཅས་སུ་བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོང་དང་ས་གནས་དེ་གའི་གནམ་གཤིས་ཀྱི་ཆ་རྐྱེན་དང་འཚམ་པའི་གསང་སྤྱོད་འཛུགས་སྐྲུན་བྱས་ཏེ། ས་གནས་དེ་གའི་འཕྲོད་བསྟེན་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། ད་དུང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།