དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ཀྱིས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་དུས་བྱའི་གནས་སྤོར་སྲུང་མ་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-11-09

    མིག་སྔར་དུས་བྱ་གནས་སྤོའི་ནམ་དུས་སུ་སླེབས་ཡོད། གསར་འགོད་པར་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ཀྱི་2023ལོའི་དུས་ཚིགས་བཞི་པའི་འཆར་ཅན་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཡུན་ཟླ་གཉིས་ཀྱི་དུས་བྱ་སྲུང་སྐྱོང་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། གཙོ་གནད་གནས་སྤོའི་འདབ་ཆགས་རིགས་ཀྱི་ཁྱབ་ཁུལ་གཙོ་བོ་དང་། དགུན་སྒྲོལ་ཁུལ། སྐྱེ་འཕེལ་ཁུལ། འཕུར་སྐྱོད་ངལ་གསོ་ཁུལ། འཕུར་སྐྱོད་བརྒྱུད་ལམ། ཁྱུ་ཚོགས་འདུ་ཁུལ་སོགས་སུ་སྐོར་ཞིབ་སྐོར་སྲུང་དང་གཙང་སྦྲ་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་པ་རེད།

    རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ཀྱི་སྲོག་ཆགས་དང་རྩི་ཤིང་སིའི་སི་ཀྲང་ཝང་ཝུའེ་ཧྲེང་གིས། འདབ་ཆགས་སོགས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ཁྱབ་ཁོངས་རྒྱ་ཆེ་བ་དང་ལྷུ་ཚིགས་མང་བས་སྲིད་གཞུང་སྡེ་ཚན་གྱི་ཁྲིམས་སྒྱུར་སྟོབས་ཤུགས་མི་འདང་བའི་གནས་ཚུལ་འོག སྲུང་སྐྱོང་བྱ་སྤྱོད་ལ་རྒྱ་ཆེའི་སྤྱི་དམངས་ཀྱིས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཚེ། གཞི་ནས་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་ཐུབ། རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་དང་ས་གནས་ཁག་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་གཉེར་སྡེ་ཚན་གྱིས་སྤྱི་དམངས་ཞུགས་པའི་སྐུལ་སློང་དང་ཐུན་མོང་སྲུང་སྐྱོང་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་སྲུང་སྐྱོང་དོ་དམ་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཡོད། དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་སྤེལ་བ་དང་ཆབས་ཅིག་འབྲེལ་ཡོད་ལས་ཞུགས་པར་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ནས་གང་བྱུང་དུ་འདབ་ཆགས་རྔོན་པ་དང་ཟ་བ་སོགས་རི་སྐྱེས་སྲོག་ཆགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་གཏན་ནས་ཞུགས་མི་ཆོག་པ་དང་། ཐེར་འདོན་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་འདབ་ཆགས་གང་བྱུང་དུ་རྔོན་པ་དང་ཟ་བ་སོགས་རི་སྐྱེས་སྲོག་ཆགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཀྱི་ཁུངས་སྣེ་བསྡུ་རུབ་བྱས་ཏེ། ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྤེལ་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ནས་ཁྲིམས་སྒྱུར་གྱི་ལས་ཕྱོད་ཆེ་རུ་གཏོང་བ་དང་། སྤྱི་ཕན་རྩ་འཛུགས་དང་། དམངས་ཁྲོད་ཚོགས་པ། དང་བླངས་པ་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་གང་ལེགས་སྤྱད་ནས་འཕུར་སྲུང་བྱ་སྤྱོད་མཉམ་དུ་སྤེལ་ཏེ་འདབ་ཆགས་བདེ་འཇགས་ངང་གནས་སྤོ་ཐུབ་པའི་འགན་ལེན་བྱེད་ཀྱི་རེད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།