དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀན་ལྷོའི་འབྲུག་ཆུར་རྒྱལ་ཁབ་ཀྱི“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞི་ཁག་བདུན་པའི་མིང་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-11-09

    ཉེ་ཆར། ཀྲུང་གོ་སྐྱེ་ཁམས་ཤེས་དཔལ་གླེང་སྟེགས་ཅི་ནན་ལོ་ཚོགས་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། གླེང་སྟེགས་ཐོག སྐྱེ་ཁམས་ཁོར་ཡུག་པུས་ཁག་བདུན་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་104དང“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞི་53གྱི་སྒོ་བྱང་སྤྲད་པའི་ཁྲོད། ཀན་ལྷོ་ཀྲོའུ་འབྲུག་ཆུ་རྫོང་ལ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞི་ཁག་བདུན་པའི་མིང་ཐོབ་པ་རེད།

    ཉེ་བའི་ལོ་ཤས་རིང་། འབྲུག་ཆུ་རྫོང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དེ་དུས་དང་རྣམ་པ་ཀུན་ཏུ་གནས་བབ་གལ་ཆེན་ཐོག་བཞག་སྟེ་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་སྔོན་སྤེལ་དཔེ་སྟོན་ཁུལ་དང་། མཚོ་བོད་ས་མཐོའི་ལྗང་མདོག་དེང་རབས་ཅན་སྔོན་སྤེལ་དཔེ་སྟོན་ཁུལ། རྒྱལ་ཁབ་ཀྱི་ཁུལ་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་བཅས་འཛུགས་པའི་གོ་སྐབས་དམ་འཛིན་དང་། སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས། “སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་པའི”འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྟ་ཞིབ་དག་ཐེར་ལས་དོན་དམ་འཛིན་ནན་པོ། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱེད་པ། རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་པས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།