མེ་ཟོན་ཤེས་བྱ་སྦྱངས་ནས་རྒྱལ་ཡོངས་ཀྱི་མེ་ཟོན་ཉིན་མོར་བསུ་བ་ཞུ་བ།
རྒྱལ་ཡོངས་ཀྱི་མེ་ཟོན་ཉིན་མོ་འཆར་ཉེའི་མཚམས་སུ། ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་མེ་ཟོན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་མི་རྣམས་ཀྱིས་མེ་ཟོན་ཤེས་བྱ་སློབ་སྦྱོང་དང་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་རོགས་རམ་བྱས་པ་རེད། འདི་ལོའི་ཟླ་11ཚེས་9ཉིན་ནི་རྒྱལ་ཡོངས་ཀྱི་མེ་ཟོན་ཉིན་མོ་ཐེངས་32པ་རེད། 2017ལོ་ནས་བཟུང་ལོ་ལྟར་གྱི་ཟླ་11པ་ནི་རྒྱལ་ཡོངས་ཀྱི་མེ་ཟོན་དྲིལ་བསྒྲགས་ཟླ་བ་ཡིན་པ་དང་འདི་ལོའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི། སྔོན་འགོག་གཙོ་བོ་དང་། ཚེ་སྲོག་གོང་དུ་བཀུར་ཞེས་པ་ཡིན་ཞིང་། འདི་ནི་ཀྲེ་ཅང་ཞིང་ཆེན་ཅན་ཏེ་གྲོང་ཁྱེར་དབྱང་ཚུན་ཆའོ་གྲོང་རྡལ་གྱི་མེ་ཟོན་རུ་མིས་དབྱང་ཚུན་ཆའོ་ལྟེ་བའི་བུ་བཅོལ་ཁང་གི་ཕྲུ་གུ་ཚོར་མེ་ཟོན་ཆུ་མདའ་སྤྱོད་སྟངས་སྐོར་ལ་འགྲེལ་བཤད་རྒྱག་བཞིན་པ།