དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སློབ་མ(གཞོན་ནུ)ཡི་ལུས་རྩལ་འགྲན་ཚོགས་སྐབས་དང་པོར་ཞུགས་མཁན་ལྷ་སའི་འཐུས་མི་ཚོགས་པར་དངུལ་གྱི་གཟེངས་རྟགས་ཐོག་མ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-09

    ཚེས་6ཉིན་རྒྱལ་ཡོངས་ཀྱི་སློབ་མ(གཞོན་ནུ)ཡི་ལུས་རྩལ་འགྲན་ཚོགས་སྐབས་དང་པོའི(ཡོངས་བསྒྲགས་ཚོགས་ཆུང)གཟབ་མཆོར་ལེགས་པར་སྤྲས་ནས་འགྲོས་འགྲན་ཚོགས་པའི་འགྲན་བསྡུར(ཚོགས་ཆུང་ཀ་པ)གྱི་མཐའ་བསྡུར་ནང་ཞི་ཙེ་ཀའོ་དང་། ཤའོ་ཀྲེ་ཧན། ལི་མུའུ་ཧྥེ། ཡུས་ཅ་དབྱི་བཅས་ལས་གྲུབ་པའི་ལྷ་སའི་འགྲན་ཞུགས་རུ་ཁག་ལ་རུ་ཁག་12ཀྱི་འགྲན་བསྡུར་ཁྲོད་མཐར་སྐར་མ་199.658ཀྱི་གྲུབ་འབྲས་ཐོག་ནས་ཨང་གཉིས་པ་ཐོབ་ནས་ལྷ་སའི་འཐུས་མི་རུ་ཁག་ལ་དངུལ་གྱི་གཟེངས་རྟགས་ཐོག་མ་དེ་ཐོབ་པ་རེད།

    འགྲན་ཞུགས་རུ་ཁག་གི་འགྲན་བསྡུར་ལ་ཞུགས་མཁན་མཐའ་མ་ཡིན་པའི་ཡུས་ཅ་དབྱི་འདི་ལོ་ལོ་19ལ་སླེབས་ཤིང་། ལོ་3ནས་བཟུང་རྟ་རྩལ་སྦྱོང་འགོ་ཚུགས་པ་དང་ད་བར་འབྲེལ་ཡོད་འགྲན་བསྡུར་མང་པོར་ཞུགས་མྱོང་ཡོད། འགྲན་བསྡུར་བྱེད་རིང་ཁོ་མོས་བདེ་ལྕག་འཁྱུག་ཅིང་གནད་ལ་འཁེལ་བའི་རྟ་རྩལ་ལ་བརྟེན་ནས་ས་ཚུགས་གསུམ་གྱི་ཤན་འབྱེད་པའི་ཡིད་དབང་ཕྲོགས་ཏེ་མཐར་སྐར་མ་69.647གྱི་གྲུབ་འབྲས་ཐོག་ནས་འགྲན་བསྡུར་མཇུག་འགྲིལ་ཞིང་། ཚོགས་ར་ཡོངས་ཀྱི་སྐར་གྲངས་མཐོ་ཤོས་ཐོབ་པ་དང་ཆབས་ཅིག་རང་ཉིད་ཀྱི་རུ་ཁག་ལ་བྱ་དགའ་ཨང་གཉིས་པ་རག་པར་བྱས་པ་རེད།

    “རུ་མི་4ཡིས་འགྲན་བསྡུར་ཧྲིལ་པོའི་ནང་ནུས་པ་ཡག་པོ་བཏོན་ཡོད། འགྲན་ར་རྒྱུས་མངའ་མེད་པ་དང་གནམ་གཤིས་འགྱུར་ལྡོག་ཆེ་བ་སོགས་ཀྱི་གནོན་ཤུགས་མདུན་དུ་གཉའ་མི་ཞུམ་པར་འབད་བརྩོན་ཆེན་པོས་རང་ནུས་ཡོད་རྒུ་བཏོན་ནས་གྲུབ་འབྲས་འདི་ལྟ་བུ་ཐོབ་པ་བྱས་པར་ང་ཚོ་ཚང་མ་ཧ་ཅང་དགའ་པོ་བྱུང་། སླད་ཕྱིན་གྱི་འགྲན་བསྡུར་ནང་ང་ཚོས་སྔར་བཞིན་ནུས་ཤུགས་ཡོད་རྒུ་བཏོན་ནས་བོད་ལ་གཟི་བརྗིད་མཚན་སྙན་བརྩོན་ལེན་བྱེད་ཀྱི་ཡིན”ཞེས་རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་རྟ་རྩལ་རྣམ་གྲངས་ཀྱི་རུ་སྣེ་ཁྲིད་མཁན་པའེ་ཧའོ་ཡིས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།