དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱིས་རྒྱལ་ལམ་219རྒྱུད་ཀྱི་བོད་ལྗོངས་ཀྱི་ཡུལ་སྐོར་རྫོང་གྲགས་ཅན་འོས་སྦྱོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-09

    ཉིན་ཤས་གོང་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་གཙོ་གཉེར་བྱས་པ་དང་གཞིས་རྩེ་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་གཞོགས་འདེགས་བྱས་པའི་རྒྱལ་ལམ་219རྒྱུད་ཀྱི་བོད་ལྗོངས་ཡུལ་སྐོར་རྫོང་གྲགས་ཅན་འོས་སྦྱོར་བྱེད་པའི་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    ཚོགས་འདུའི་ཐོག་འོས་སྦྱོར་མི་སྣས་དྲིལ་བསྒྲགས་བརྙན་ཐུང་དང་པར་རིས་ལ་བརྟེན་ནས་རྫོང་དང་ཆུས་ཁག་གི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་དམངས་སྲོལ་རིག་གནས་ཟབ་མོ་དག་ཚོགས་ཞུགས་སྐུ་མགྲོན་གྱི་སྤྱན་ལམ་དུ་བསྟར་བ་མ་ཟད། མཛེས་ལྗོངས་ཁུལ་གྱི་ཐོན་ཁུངས་དང་། ཡུལ་སྐོར་ཐོན་རྫས། རིག་གནས་ཡུལ་སྐོར་བྱེད་སྒོ་གལ་ཆེན་སོགས་ལ་ཕྱོགས་ཡོངས་ནས་འོས་སྦྱོར་ཡང་བྱས་པ་རེད།

    འོས་སྦྱོར་ཚོགས་འདུའི་ཐོག་ད་དུང་ཁྱད་ལྡན་ཚོང་འདུས་འཚོགས་ནས་རྫོང་དང་ཆུས་ཁག་གི་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་དང་། ཞིང་ཞོར་ཐོན་རྫས། ལག་ཤེས་ཐོན་རྫས་སོགས་གཅིག་སྡུད་ཕྱིར་ཚོང་བྱས་པས། རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་ལྟ་སྐོར་བྱེད་པའི་ཡིད་དབང་བཀུག་ཡོད། ད་ཐེངས་འོས་སྦྱོར་འདུ་ཚོགས་ཉིན་བདུན་འཚོག་རྒྱུ་ཡིན་པ་དང་། རྫོང་དང་ཆུས་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་དང་། དམངས་སྲོལ་རིག་གནས། ཁྱད་ལྡན་ཐོན་ལས་བཅས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ནས་བྲིན་ཚོང་དང་ཡུལ་སྐོར་མཉམ་འགུལ་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་རྒྱུ་དང་བོད་ལྗོངས་ཀྱི་ཡུལ་སྐོར་རྫོང་གྲགས་ཅན་གྱི་སྤུས་རྟགས་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།