མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཇི་ཙམ་བཞད་པ་དེ་ཙམ་མཚར་སྡུག་ལྡན།
ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་གཞི་རིམ་བཅོས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་གི་མི་རིགས་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱེད་པ། ཉིང་ཁྲིའི་མཐའ་མཚམས་ས་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་ཆེད་དོན་སློབ་གསོ་དང“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི”བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ། མི་རིགས་ཁག་གིས་ཀྲུང་ཧྭའི་རིག་གནས་མཉམ་དུ་སྤྱོད་པའི་བརྡ་རྟགས་གཏོད་པ་དང་མངོན་གསལ་དོད་དུ་བཏང་ནས། ཉིང་ཁྲིའི་མཐའ་མཚམས་ཁོངས་གཏོགས་ཁུལ་དུ་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་ཞིག་བཏོད་པས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་ཡོད།
ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་ནས།
མི་རིགས་མཐུན་སྒྲིལ་གྱི“བདེ་སྐྱིད་ཟམ་པ”བསྐྲུན་པ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཚ་བ་རོང་མཐའ་མཚམས་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་ཞིང་ལས་ཐོན་འབབ་ཡག་པོ་མེད་པ་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་ཕན་འབྲས་མངོན་གསལ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། རང་འགུལ་ངང་ས་གནས་ཏང་ཨུད་དང་མཐུན་སྦྱོར་བྱས་ནས་ཁོངས་གཏོགས་ཁུལ་གྱི་འདྲ་ངོས་གྲོང་ཚོ་དང་ཁྲང་ཤིའི་གྲོང་ཚོའི་དམིགས་བསལ་གྱི་གནམ་གཤིས་ཆ་རྐྱེན་དང་བསྟུན་ནས། སྤུས་ལེགས་ཀྱི་སེ་འབྲུ་མུའུ་70ལྷག་ཙམ་འདེབས་འཛུགས་ཁྱབ་གདལ་བཏང་བས་སྡོང་ཕྲུག་སོན་ཚད་90%ཡན་ཟིན་ཡོད།
གཞན་ཡང་། ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཚ་བ་རོང་མཐའ་མཚམས་མངགས་གཏོང་ཁང་གིས་ད་དུང་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་ལུང་ཕུག་གྲོང་ཚོ་དང་སྲང་ཐ་གྲོང་ཚོ་སོགས་སུ་རླམ་རྩྭ་ཕོ་སུལ་འདེབས་འཛུགས་རྣམ་གྲངས་ཁྱབ་གདལ་བཏང་ཞིང་། ཚ་བ་རོང་ཤང་གི“དུད་ཁྱིམ་རེ་རེས་རྨང་གཞི་བྱེད་པ་དང་། དུད་ཁྱིམ་ཁྲི་སྟོང་མང་པོའི་གཞི་ཁྱོན་ལྡན་པ། ས་ཁོངས་ཁྱབ་ཚུལ་རྟེན་གཞིར་བྱེད་པ། མཉམ་ལས་རྩ་འཛུགས་ཀྱིས་འབྲེལ་ཐག་བྱེད་པ”བཅས་ཀྱི་ཁྱད་ལྡན་ཐོན་ལས་གཉེར་སྐྱོང་བྱེད་སྟངས་ཧུར་ཐག་བཏོད་དེ“ས་ཁོངས་དཔལ་འབྱོར་ཁྱད་ལྡན་ཅན་དང་། ཁྱད་ལྡན་དཔལ་འབྱོར་ཐོན་ལས་ཅན། ཐོན་ལས་དཔལ་འབྱོར་གཞི་ཁྱོན་ཅན”བཅས་ཀྱི་ལམ་བུ་གསར་པར་རིམ་བཞིན་བསྐྱོད་ཡོད། མིག་སྔའི་བར། འདེབས་འཛུགས་རྒྱ་ཁྱོན་མུའུ་110ལྷག་ཙམ་ཟིན་ནས་མུའུ་རེའི་ཡོང་འབབ་སྒོར་ཁྲི་1ཡན་ལོན་ཞིང་། ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་ཁོང་ཚོའི་ཡོང་འབབ་སྔར་བས་མང་དུ་སོང་ནས་འཚོ་བ་སྔར་བས་ཡག་པ་དང་ཁྱིམ་ཚང་ཡང་སྔར་བས་བདེ་སྐྱིད་ལྡན་པར་གྱུར་ཡོད།
ལྟེ་བའི་གཙོ་ལས་ལ་དམིགས་ནས།
མི་རིགས་མཐུན་སྒྲིལ་གྱི“མཁར་སྲུང་ཆུ་བོ”བརྟན་དུ་བཏང་བ།
སྔར་ནས་ད་བར་ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་དེ་མཐའ་མཚམས་དོ་དམ་གྱི་གཙོ་ལས་དང་ཕན་ཚུན་མཉམ་འདྲེས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱས་ནས་ཉེན་རྟོག་པ་དང་མི་དམངས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ་གྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་ཐུན་མོང་ཐོག་བཏོད་ཡོད།
“དབྱར་དུས་ཀྱི་མཚན་མོའི་གཙང་བཤེར་བྱེད་འགོ་ཚུགས་སོང”འདི་ལོའི་ཟླ་8ཚེས་20ཉིན་གྱི་དགོང་མོར། ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་སྐྱེམས་སྟོང་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་ལི་ཀྲ་ཡིས་བཀའ་བཏང་བ་དང་བསྟུན་ནས། སུའོ་དེའི་དབྱར་དུས་མཚན་མོའི་གཅིག་སྡུད་གཙང་བཤེར་བྱེད་འགོ་ཚུགས་པ་རེད། གཙང་བཤེར་བྱེད་རིང་ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་སྐྱེམས་སྟོང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཁོངས་གཏོགས་ཁུལ་གྱི་ཇ་ཁང་དང་། མགྲོན་ཁང་། ལས་ཡུལ་སོགས་གཙོ་གནད་ཁུལ་དུ་བསྐྱོད་ནས་ཆགས་སྲེད་དང་། རྒྱན་འཛུགས། དུག་རྫས་བཅས་དང་འབྲེལ་བའི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་པ་དང་། རྒྱག་རེས་དང་ར་བཟི་སྐྱུར་གོང་གི་མཇུག་འབྲས་གསལ་པོ་བཤད་པ། ཁྲོམ་གཞུང་གཙོ་བོར“ཉེན་བརྡ་གཏོང་བ་དང་ཉེན་སྒྲོན་སྤོར་བའི”སྐོར་གཡེང་ཆེན་པོ་བྱས་ནས། དམ་བསྒྲགས་རྣམ་པའི་ཐོག་ནས་རིགས་ཁག་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཟིལ་གྱིས་མནན་ཡོད།
དམངས་སེམས་ཀྱི་ངོས་འཛིན་གཅིག་ཏུ་འགྲིལ་ཏེ།
མི་རིགས་མཐུན་སྒྲིལ་གྱི“སེམས་པ་གཅིག་ཏུ་སྒྲིལ་བ”
དུས་ཡུན་རིང་པོར། ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་རང་འགུལ་ངང་ཁོངས་གཏོགས་ཁུལ་གྱི་སློབ་མའི་བདེ་འཇགས་ལས་དོན་ལ་སྐུལ་འདེད་བཏང་ཞིང་། དུས་མཚམས་དང་ལྷུ་ཚིགས་གལ་ཆེན་སྐབས་གཙོ་གནད་མི་ཚོགས་ལ་རིགས་དབྱེ་ནས་གནད་སྨིན་བྱེད་ཐབས་སྤྱད་པ་དང་། གྲོང་ཚོ་དང་དུད་ཁྱིམ་དུ་བསྐྱོད་ནས་སློབ་ལོ་མ་ལོན་པའི་ཕྲུ་གུར་བདེ་འཇགས་སྐོར་གྱི་ཤེས་བྱ་སྒྲོག་འགྲེལ་བྱས་པ་མ་ཟད། དུས་བཀག་ལྟར་སློབ་གྲྭར་བསྐྱོད་ནས་བདེ་འཇགས་སློབ་གསོ་དང་ནང་སྦྱོང་བྱེད་པ་དང་། ཉེན་རྟོག་པ་དང་སློབ་གྲྭའི་མཉམ་ལས་བྱེད་ཤུགས་ཆེར་གཏོང་། སློབ་གྲྭའི་ནང་གཏུམ་སྤྱོད་སྔོན་འགོག་ནང་སྦྱོང་བྱེད་པ། ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་སློབ་གྲྭར་ལས་སྒྲུབ་སྐོར་གཡེང་བྱེད་པ། སློབ་གྲྭ་དང་ཁྱིམ་ལ་ལོག་མཁན་སློབ་ཕྲུག་གི་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བཅས་བྱས་ཏེ། མཐའ་མཚམས་ཁོངས་གཏོགས་ཁུལ་གྱི་སློབ་མ་བདེ་འཇགས་ངང་འཚར་ལོངས་དང་སློབ་སྦྱོང་བྱེད་པའི་ཁོར་ཡུག་ཅིག་བསྐྲུན་པར་བརྟེན། ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།
དེ་དང་ཆབས་ཅིག ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་ད་དུང་ལོ་རེའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་བྱེད་སྒོའི་ཟླ་བ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་ཉིན་མོ་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་བརྟེན་ནས“བསྐྱོད་པ་བཞིའི”བྱེད་སྒོ་གཏིང་ཟབ་སྤེལ་ཡོད། གྲོང་ཚོར་བསྐྱོད་པ་སྟེ། ཁོངས་གཏོགས་ཁུལ་དུ་བསྐྱོད་དེ་སྲིད་ཇུས་ཀྱི་བཅའ་ཁྲིམས་སྒྲོག་འགྲེལ་བྱས་ནས་དྲིལ་བསྒྲགས་རིས་དེབ་དང་དྲིལ་བསྒྲགས་ཤོག་ལེ་3500ལྷག་སྤྲད་ཡོད། སློབ་གྲྭར་བསྐྱོད་ཅིང་། མཐའ་མཚམས་མངགས་གཏོང་ཁང་ཁག་གིས་ཁྲིམས་སྐྱོང་སློབ་སྤྱི་གཞོན་པ་མངགས་ཏེ་བཅའ་སྡོད་བྱ་ཡུལ་གྱི་སློབ་ཆུང་དུ་བསྐྱོད་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཁྲིམས་སྐྱོང་ཤེས་བྱའི“སློབ་ཚན་ཆུང་ངུ”42བཀོད་སྒྲིག་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཐེངས་80ལྷག་བརྒྱབ་ཡོད། ཁོངས་གཏོཌ་ཁུལ་དུ་བསྐྱོད་ཅིང་། ཁོངས་གཏོཌ་ཁུལ་གྱི་ལས་རིགས་གནས་ཡུལ་དུ་བསྐྱོད་ནས་ཏང་གི་མི་རིགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་བྱེད་སྒོ་ཐེངས་100ལྷག་སྤེལ་ཏེ། ཁོངས་གཏོཌ་ཁུལ་གྱི་མི་རིཌ་ཁག་གི་མང་ཚོགས་ཀྱི་བཅའ་ཁྲིམས་བྱང་ཚད་དང་མི་རིཌ་མཐུན་སྒྲིལ་གྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་བཏང་ཡོད།