དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་སར་པི་ཡའི་ཙུང་ལི་པུར་ན་པི་ཆི་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་སར་པི་ཡའི་ཙུང་ལི་པུར་ན་པི་ཆི་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། མི་རིང་བའི་གོང་ཙུང་ཐུང་ཝུའུ་ཆི་ཆི་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཕེབས་པ་དང་། ད་ཐེངས་ཙུང་ལི་མཁྱེན་ལྡན་མ་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པར་ཞུགས་པར་ཕེབས་ཡོད། དེ་ཐོག་ནས་ཀྲུང་གོ་མི་དམངས་ལ་མཛའ་སེམས་ཟབ་མོ་འཆང་བ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཀྱི་སར་པི་ཡ་ཕྱོགས་ཀྱི་དད་སེམས་བརྟན་པོ་མཚོན་ཡོད། ཀྲུང་གོ་དང་སར་པི་ཡ་ནི་སྐྱིད་སྡུག་མཉམ་མྱོང་དང་དཀའ་སྡུག་མཉམ་མྱོང་གི་གྲོགས་པོ་བློས་ཐུབ་ཅིག་ཡིན། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་རྨང་གཞི་ཟབ་པ་དང་། དམངས་འདོད་ཀྱི་རྨང་གཞི་བརྟན་པ། ཐུན་མོང་གི་ཁེ་ཕན་མང་བ། མཉམ་ལས་ཀྱི་སྒུལ་ཤུགས་ཆེ་བ་བཅས་ཡོད། ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ནས་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། དུས་བབ་གསར་པའི་འོག་ཀྲུང་གོ་ཕྱོགས་ཀྱིས་སར་པི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་རྣམ་གྲངས་ཆེན་པོ་ཡག་པོ་སྐྲུན་པ་དང་གཉེར་སྐྱོང་ཡག་པོ་བྱས་ཏེ། ཀྲུང་སར་རྒྱལ་ཁབ་གཉིས་པོའི་རང་མོས་ཚོང་དོན་གྲོས་ཆོད་སྔ་ཙམ་གོ་ཆོད་རྒྱུར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སློབ་གསོ་དང་། ལུས་རྩལ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། མི་སྣ་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་བ། ཀྲུང་སར་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱེད་དགོས། སར་པི་ཡ་རང་བཙན་རང་བདག་གི་འཕེལ་རྒྱས་འགྲོ་ལམ་ཐོག་སྐྱོད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། སར་པི་ཡ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད།

    པུར་ན་པི་ཆི་ཡིས་གསུངས་དོན། 2019ལོར་ང་རང་ཀྲུང་གོར་ཧྲང་ཧའེ་དངོས་མང་སྟོན་ཚོགས་ལ་ཞུགས་པར་ཡོང་མྱོང་ཡོད། ལོ་ཁ་ཤས་སོང་རྗེས་སླར་ཡང་ཀྲུང་གོར་འཚམས་འདྲིར་ཡོང་སྐབས་ངས་ཀྲུང་གོར་འཕེལ་རྒྱས་དང་དར་རྒྱས་མྱུར་པོ་བྱུང་བ་དང་དེ་བཞིན་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཐབ་ཇུས་གཟིགས་རྒྱང་རིང་བ་དང་ཕུལ་དུ་བྱུང་བའི་འགོ་ཁྲིད་ཀྱི་ནུས་པར་གུས་བཀུར་ཡི་རང་ཆེན་པོ་བྱུང་། སར་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་ལ་ཡག་པོ་ཡོད་པས་ཀྲུང་གོ་འདི་ཉིད་སར་པི་ཡའི་མ་འཇོག་རོགས་ཟླ་ཆེ་ཤོས་སུ་གྱུར་ཡོད། ཧོ་ཀང་སི་མེ་ཏའེ་ལེ་ཝོ་ངར་ལྕགས་བཟོ་གྲྭ་སོགས་མཉམ་ལས་རྣམ་གྲངས་ལས་སར་པི་ཡའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་རྣམ་པར་འགྱུར་ལྡོག་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།