ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་སྣ་མང་མཉམ་དུ་སྐྲུན།
སྣང་རྫོང་ལ་ཐོག་ཤང་མངགས་གཏོང་ཁང་གིས‘ཧྥུང་ཆའོ་ཡི་ཉམས་མྱོང’རྣམ་པའི་དུས་བདེ་བཏོད་པ།
ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ལ་ཐོག་ཤང་མངགས་གཏོང་ཁང་གི་འདུམ་འགྲིག་ཁང་དུ་ཁོངས་གཏོགས་ཁུལ་གྱི་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། གྲོང་ཚོའི་ལས་བྱེད་པ། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་བཅས་ལས་གྲུབ་པའི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་རུ་ཁག་གིས་སྦས་ཕོ་བྲང་གྲོང་ཚོའི་གྲོང་མི་བཀྲ་ཤིས་དང་བློ་གྲོས་དབར་གྱི་རྩོད་གཞིར་འདུམ་འགྲིག་བྱེད་བཞིན་ཡོད། ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ཁོ་གཉིས་ཀྱི་རྩོད་གཞི་འདུམ་འགྲིག་ཐུབ་ནས་འཆམ་མཐུན་བྱུང་ཡོད།
འགལ་ཟླ་ཆུང་གྲས་འདི་རིགས་ལ་དམིགས་ནས་ཉེ་བའི་ལོ་ཤས་རིང་ལ་ཐོག་ཤང་མངགས་གཏོང་ཁང་གིས་ཤང་དུས་བདེའི་ལྟེ་གནས་ལ་བརྟེན་ནས་ལས་རིགས་ཀྱི་ལེགས་ཆ་བཏོན་ཏེ། ཁྲིམས་སྐྱོང་དྲིལ་བསྒྲགས་དང་། དམངས་ལ་ཞབས་འདེགས། དུས་བདེ་འཛུགས་སྐྱོང་། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་སོགས་ཀྱི་ལས་དོན་ཡག་པོ་སྤེལ་ཡོད། དྲ་མིག་ཅན་གྱི་ཉེན་རྟོག་ལས་དོན་ཁང་དང“གཞུང་ཕྱོགས་དྲ་ཚུགས་གསུམ་དང་ལས་སྟེགས་གཅིག”གི་ལམ་སྲོལ་ལ་བརྟེན་ནས། “སྐོར་སྐྱོད་འདུམ་འགྲིག་ཁང”བཙུགས་ཏེ་ལ་ཐོག་གི་ཁྱད་ཆོས་ལྡན་པའི“གོམ་སྟབས་གསུམ”གྱི་འདུམ་འགྲིག་ལས་དོན་སྤེལ་ཐབས་ཤིག་ཆགས་པར་བྱས་ནས། འགལ་ཟླ་དང་རྩོད་གཞི་ཆེ་ཆུང་ཚང་མ་བདེ་བླག་ངང་སེལ་བ་དང་། མི་མང་པོ་ཞིག་ཕན་ཚུན་འཆམ་མཐུན་ཡོང་བར་བྱས་པས་གཞི་རིམ་གྱི་འགལ་ཟླ་འབྱུང་རྩ་ནས་སེལ་ཐུབ་ཡོད། ལོ་ལྔའི་རིང་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ཁག་11འདུམ་འགྲིག་བྱས་ནས་འདུམ་འགྲིག་ཐུབ་ཚད་100%ཟིན་པ་དང་། དམངས་དོན་ཉེས་དོན་ལ་སྒྱུར་བའི་གྱོད་གཞི་གཅིག་ཀྱང་ཐོན་མེད་པས་བློ་ཡིད་ཚིམ་ཚད་98%ཟིན་ཡོད།
ང་ཚོས་མི་དམངས་བློ་ཡིད་ཚིམ་པོ་ཡོང་བར་དམིགས་ནས་ཤང་ཡོངས་ཀྱི་དཔལ་འབྱོར་གང་མགྱོགས་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་ཞབས་འདེགས་ཞུས་ཏེ། ཏང་ཡོན་གྱི‘འགན་ལེན་གསུམ’དང་འགལ་ཟླ་འདུམ་འགྲིག་གི“གོམ་སྟབས་གསུམ” “‘3+N’སོགས་ཏང་འཛུགས་སྐྱོང་གི་སྤུས་རྟགས་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ལ་ཐོག་གི་ཁྱད་ཆོས་ལྡན་པའི‘ཧྥུང་ཆའོ་ཡི་ཉམས་མྱོང’རྣམ་པའི་ལམ་དུ་སྐྱོད་བཞིན་ཡོད་ཅེས་ལ་ཐོག་ཤང་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་ངག་དབང་ཤེས་རབ་ཀྱིས་བརྗོད།
ངག་དབང་ཤེས་རབ་ཀྱིས་བརྗོད་པའི་ཏང་ཡོན་གྱི“འགན་ལེན་གསུམ”ནི་མངགས་གཏོང་ཁང་གིས་ཉེ་བའི་ལོ་གཉིས་རིང་གསར་གཏོད་བྱས་ནས་བཏོན་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཤིག་ཡིན་ཞིང་། དེར“ཀྲི་པུས་གྲོང་ཚོ་འགན་གཙང་ལེན་པ”ནི་ལོ་ལྟར་རོགས་སྐྱོར་གྲོང་ཚོ་གཅིག་གཏན་འཁེལ་དང་ཏང་ཀྲི་པུས་འགན་གཙང་བླངས་པའི་གྲོང་ཚོའི་ཏང་འཛུགས་སྐྱོང་དང་། སྤྱི་ཚོགས་བཅོས་སྐྱོང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་འགན་འཁུར་བ་དེ་ཡིན་པ་དང་། “ཀྲི་པུའུ་ཨུ་ལྷན་གྱིས་ཡུག་ཁུལ་འགན་གཙང་ལེན་པ”ནི་ཚན་ཁག་གི་ཁོངས་མིས་ཡུག་ཁུལ་འགན་གཙང་ལེན་ཁུལ་གྱི་མང་ཚོགས་ལ་སྲིད་ཇུས་གཅིག་སྡུད་སྒྲོག་འགྲེལ་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་འགོག་ཟོན། འགྲིམ་འགྲུལ་ཁྲིམས་སྲོལ་སོགས་ལ་དྲིལ་བསྒྲགས་བྱེད་པ་དེ་ཡིན་པ། “ཏང་ཡོན་གྱིས་དུད་ཚང་འགན་གཙང་ལེན་པ”ནི་མངགས་གཏོང་ཁང་གི་ཏང་ཡོན་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་དབར་ཆ་བསྒྲིགས་ནས་ཁོ་ཚོའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དེ་རེད།
ད་ཆ་ལ་ཐོག་ཤང་ནི་གཙང་སྦྲ་དོད་པ་དང་། ཡུལ་སྲོལ་བཟང་བ། སྒྲིག་ལམ་ལྡན་པ་བཅས་སུ་གྱུར་ཡོད་པས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད།