དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མི་རིགས་ཀྱི་རོལ་དབྱངས་ཟློས་གར་ཆེ་གྲས《ཤོན་ཙང་ནུབ་ཕྱོགས་སུ་བསྐྱོད་པ》བསྐྱར་སྦྱོང་འཁྲབ་སྟོན་ཐོག་མ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-11-08

    ཉེ་ཆར། རྒྱལ་ཡོངས་ཀྱི་མི་རིགས་རོལ་དབྱངས་ཟློས་གར་ཆེ་གྲས་ཐོག་མ《ཤོན་ཙང་ནུབ་ཕྱོགས་སུ་བསྐྱོད་པ》ཀན་སུའུ་ཟློས་གར་ཁང་ཆེན་དུ་བསྐྱར་སྦྱོང་འཁྲབ་སྟོན་ཐོག་མ་ལེགས་གྲུབ་བྱུང་ཞིང་། འཁྲབ་སྟོན་ལ་ཀྲུང་དབྱང་མི་རིགས་རོལ་དབྱངས་ཚོགས་པའི་གྲངས་ཉུང་མི་རིགས་ཀྱི་རོལ་མོ་བ་མང་པོ་གདན་འདྲེན་ཞུས་ཡོད་པ་རེད། ཟློས་གར་བསྐྱར་སྦྱོང་བྱས་པ་ནི་གཞུང་ཁོངས་རིག་རྩལ་ཁང་དང་ཚོགས་པ་སྒྱུར་བཅོས་ཟབ་ཏུ་གཏོང་བའི་རྒྱབ་ལྗོངས་འོག ཀྲུང་དབྱང་ཐད་གཏོགས་རིག་རྩལ་ཁང་དང་ཚོགས་པས་ས་གནས་ཀྱི་རིག་རྩལ་ཁང་དང་ཚོགས་པར་གནད་སྨིན་རོགས་སྐྱོར་དང་མཉམ་ལས་སྤེལ་རེས་གཏིང་ཟབ་བྱས་པའི་གྲུབ་འབྲས་ཤིག་ཀྱང་རེད།

    《ཤོན་ཙང་ནུབ་ཕྱོགས་སུ་བསྐྱོད་པ》ཞེས་པའི་གཞས་གདངས་དང་འཁྲབ་གཞུང་རྩོམ་མཁན་དང་། སྤྱི་ཁྱབ་འཁྲབ་ཁྲིད་པ་ནི་ཀྲུང་གོ་མཉམ་སྒྲོག་རོལ་དབྱངས་ཚོགས་པའི་གཞས་གདངས་རྩོམ་མཁན་ཅང་དབྱིན་ཡིན་པ་དང་། འཁྲབ་ཁྲིད་པ་གྲགས་ཅན་ཧྥུང་ཞའོ་ཉིང་ནི་སྒྱུ་རྩལ་ཐད་ཀྱི་བློ་འདྲི་ས་དང་། མཁས་དབང་གྲགས་ཅན་ཆན་ཝུན་ཀྲུང་ནི་ནང་བསྟན་ཐད་ཀྱི་བློ་འདྲི་ས་རེད། ཟློས་གར་དེར་གར་སྟེགས་འཁྲབ་སྟོན་དང་རོལ་ཆ་དཀྲོལ་གཏོང་གཉིས་མཉམ་འདྲེས་བྱས་ནས་རང་རྒྱལ་གྱི་རྒྱུན་སྲོལ་ལས་བརྒལ་བའི་མི་རིགས་རོལ་དབྱངས་མཚོན་སྟངས་ཏེ། མི་རིགས་རོལ་དབྱངས་ཟློས་གར་ཆེ་གྲས་ཐོག་མའི་སྲོལ་བཏོད་ཡོད། དེ་ནི་མི་རིགས་རོལ་དབྱངས་ཀྱི་གཅིག་སྡུད་མངོན་ཚུལ་ཞིག་ཡིན་ལ། ཤོན་ཙང་ནུབ་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་གཏམ་རྒྱུད་གསོན་ཉམས་ལྡན་པའི་ངང་མཚོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།