དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སྲོལ་རྒྱུན་ལག་རྩལ་ལ་གསོན་ཤུགས་གསར་པ་རྒྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-11-08

    ལོ་60ལ་སླེབ་ཉེར་ཡོད་པའི་དབྱི་ཐ་ལིའི་འགྲོན་བརྐོས་མཁས་ཅན་ཆི་ལུའོ·ཨེ་སི་པོ་ཤིས་ཐུའོ་ནི་བརྐོས་བཟོའི་ཁྱིམ་རྒྱུད་ཅིག་ལ་སྐྱེས་ཤིང་། ལོ་7ནས་བཟུང་བརྐོས་བཟོ་སློབ་སྦྱོང་བྱས་པ་དང་། ཁོང་གི་བརྩམས་ཆོས་ལ་དབྱི་ཐ་ལི་དང་རྒྱལ་སྤྱིའི་ཁྲོམ་རར་སྐད་གྲགས་ཆོད། ད་རེས་ནི་2019དང་2020ལོའི་ནང་འདྲེན་དངོས་མང་སྟོན་ཚོགས་རྗེས་ཀྱི་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཞུགས་ཐེངས་གསུམ་པ་ཡིན་པ་རེད། ཁོང་གིས། ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་ལས་སྟེགས་འདི་བརྒྱུད་ཤར་ནུབ་རིག་གནས་མཉམ་འདྲེས་ཐུབ་ནས་སྲོལ་རྒྱུན་ལག་རྩལ་ལ་གསོན་ཤུགས་གསར་པ་རྒྱས་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད། འདི་ནི་ཟླ་11ཚེས་6ཉིན། ཆི་ལུའོ·ཨེ་སི་པོ་ཤིས་ཐུའོ་ཡིས་ནང་འདྲེན་དངོས་མང་སྟོན་ཚོགས་ཐོག་བརྐོས་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།