དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཡོའི་གྲངས་འཛིན་མཐུན་ཚོགས་ཀྱི་ཀྲུའུ་ཞིས་བརྗོད་དོན།

    ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་འཛམ་གླིང་ལ་ཀྲུང་གོའི་ཁྲོམ་ར་མཉམ་སྤྱོད་བྱ་རྒྱུའི་གདན་ཞུ་བྱས་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-08

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་རུ་སེར་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་ཡོའི་གྲངས་འཛིན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལུའུ་དབྱི་ཅི་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ནི་དངོས་མང་སྟོན་ཚོགས་ཤིག་ཡིན་པ་མ་ཟད། འཛམ་གླིང་ལ་ཀྲུང་གོའི་ཁྲོམ་ར་མཉམ་སྤྱོད་ཀྱི་གོ་སྐབས་སྤྲད་དེ། ལག་གདང་སྦྲེལ་ནས་མཉམ་ལས་དང་གཉིས་ཁེ་གཉིས་ཕན་ཡོང་བར་གདན་ཞུ་བྱེད་པ་ཞིག་དེ་བས་ཀྱང་རེད་ཅེས་བརྗོད།

    ཁོང་གིས། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་ཀྲུང་གོས་གོ་ལ་ཧྲིལ་པོ་ཅན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་། འཛམ་གླིང་ལ་ཁྲོམ་རའི་སྒོ་མོ་འབྱེད་འདོད་པའི་བརྡ་རྟགས་གསལ་པོ་བརྒྱུད་སྤྲོད་བྱས་ཏེ། རྒྱལ་ཁབ་དང་ཁེ་ལས་མི་འདྲ་བར་དེ་བས་ཚོང་དོན་མཉམ་ལས་རྒྱ་ཆེ་རུ་གཏོང་བའི་ལས་སྟེགས་ཤིག་མཁོ་འདོན་བྱས་ནས། ཀྲུང་གོའི་ཁྲོམ་རའི་གོ་སྐབས་ཡངས་པོ་མངོན་པར་བྱས་ཡོད། དེ་དང་ཆབས་ཅིག ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་ཀྱང་འཛམ་གླིང་ས་གནས་ཁག་གི་ཚོང་དོན་ལས་རིགས་ཀྱི་གཙོ་འཛིན་དང་། སྲིད་གཞུང་གི་དཔོན་རིགས། ལས་རིགས་ཀྱི་རིགས་གཅིག་མཁས་ཅན་བཅས་ལ་དམིགས་བསལ་གྱི་སྤེལ་རེས་ལས་སྟེགས་ཤིག་བསྐྲུན་ནས་ཚོང་ལས་ཀྱི་གོ་སྐབས་གསར་པ་དང་མཉམ་ལས་ཀྱི་གོ་སྐབས་བསྐྲུན་ཡོད་ཅེས་བརྗོད་པ་རེད།

    ཀྲུང་ཡོའི་གྲངས་འཛིན་མཐུན་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནི་གྲོང་ཁྱེར་པུ་རུ་སེར་དུ་གནས་པ་དང་། ཡོ་ཀྲུང་གྲངས་འཛིན་དཔལ་འབྱོར་ཁྱབ་ཁོངས་ཀྱི་སྐད་ཆ་ཤོད་རེས་དང་། ཕན་ཚུན་ཡིད་ཆེས། ཚོང་དོན་མཉམ་ལས་བཅས་ལ་གཞོལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།