ཨུ་རུ་སུས་1941ལོའི་ཐང་ཆེན་དམར་པོའི་དམག་གཟིགས་མཛད་སྒོའི་དྲན་གསོའི་བྱེད་སྒོ་སྤེལ་བ།
ཉིན་ཤས་གོང་། ཨུ་རུ་སུས་ཐང་ཆེན་དམར་པོར་འགྲེམས་སྟོན་བྱས་ནས་1941ལོའི་སུའུ་ལེན་གྱི་ཐང་ཆེན་དམར་པོའི་དམག་གཟིགས་མཛད་སྒོར་དྲན་གསོ་ཞུས་ཡོད། 1941ལོའི་ཟླ་11ཚེས་7ཉིན་སྤེལ་བའི་མོ་སི་ཁོའི་ཐང་ཆེན་དམར་པོའི་དམག་གཟིགས་མཛད་སྒོར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད། སྐབས་དེ་དུས་སུའུ་ལན་རྒྱལ་སྲུང་དམག་འཐབ་ཀྱི་དཀའ་ཚེགས་ཆེ་ཤོས་ཀྱི་དུས་སུ་སླེབས་པ་དང་ན་ཙི་འཇར་མན་གྱི་དམག་དཔུང་མོ་སི་ཁོའི་གྲོང་འདབས་སུ་སླེབས་ཡོད། སུའུ་ལན་དཔོན་དམག་གིས་ཐང་ཆེན་དམར་པོའི་དམག་གཟིགས་མཛད་སྒོར་ཞུགས་རྗེས་སྤྱི་ལེ་བཅུ་གྲངས་ཁ་ཤས་སར་ཡོད་པའི་མོ་སི་ཁོའི་གྲོང་འདབས་སུ་བསྐྱོད་ནས་བཙན་འཛུལ་པར་དམག་འཐབ་བྱས་ཡོད།
འདི་ནི་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་མི་རྣམས་ཀྱིས་1941ལོའི་སུའུ་ལེན་གྱི་ཐང་ཆེན་དམར་པོའི་དམག་གཟིགས་མཛད་སྒོར་དྲན་གསོ་ཞུ་བ་བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་སྟོན་བྱེད་སར་པར་རྒྱག་བཞིན་པ།