མོ་ཞི་ཁོ་གྲོང་དུ་འདས་མཆོད་དུས་ཆེན་གྱི་ཁྲོམ་སྐོར་བྱས་པ།
ལོ་ལྟར་གྱི་ཟླ་11ཚེས་1ཉིན་དང་ཚེས་2ཉིན་ནི་མོ་ཞི་ཁོའི་སྲོལ་རྒྱུན་གྱི་འདས་མཆོད་དུས་ཆེན་རེད། འདས་མཆོད་དུས་ཆེན་ལ་ནུབ་ཕྱོགས་ཀྱི་དབན་ཧྲེང་དུས་ཆེན་དང་མོ་ཞི་ཁོའི་ཡུལ་སྲོལ་མཉམ་འདྲེས་བྱེད་པ་ནི་མོ་ཞི་ཁོའི་གྲ་རྒྱས་ཤོས་དང་ཐུན་མིན་གྱི་ཁྱད་ཆོས་ལྡན་ཤོས་ཀྱི་དུས་ཆེན་གྱི་གྲས་ཤིག་ཡིན་པ་དང་། དེ་ཉིན་དམངས་ཚོགས་འབོར་ཆེན་ཁྲོམ་གཞུང་དུ་བསྐྱོད་ནས་ཚེ་སྲོག་གོང་དུ་བཀུར་བའི་དུས་ཆེན་ལ་རྟེན་འབྲེལ་ཞུ་གི་ཡོད།
འདི་ནི་མོ་ཞི་ཁོའི་རྒྱལ་ས་མོ་ཞི་ཁོ་གྲོང་ཁྱེར་དུ་འཁྲབ་སྟོན་པས་འདས་མཆོད་དུས་ཆེན་གྱི་ཁྲོམ་སྐོར་ལ་ཞུགས་བཞིན་པ།