དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྨར་ཁམས་རྫོང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱིས་ཕྱི་རོལ་དུ་ཚན་རིག་རྟོག་ཞིབ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-08

    ཉེ་ཆར། ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་སུའོ་སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་དངོས་མ་ལག་ཞབས་ཞུའི་ཁྱབ་ཁོངས་ཀྱི་ཞིབ་འཇུག་པ་ཆི་ཡིང་གིས་ཚོགས་པའི་སྣེ་ཁྲིད་དེ་སྨར་ཁམས་རྫོང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་ཕྱི་རོལ་གྱི་ཚན་རིག་རྟོག་ཞིབ་ལས་དོན་སྤེལ་བ་རེད།

    སྨར་ཁམས་རྫོང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་ནང་སྨར་ཁམས་དང་། མཛོ་སྒང་། དཔའ་ཤོད་སོགས་ཕྱི་རོལ་ལྟ་ཞིབ་ཚད་ལེན་ས་ཚིགས་8ཚུད་ཡོད་པ་དང་། ད་རེས་ཕྱི་རོལ་ཚན་རིག་རྟོག་ཞིབ་ཀྱི་ནང་དོན་གྲས་སུ་སྐྱེ་དངོས་སྣ་མང་རང་བཞིན་ལ་བརྟག་དཔྱད་དང་། སྟོངས་ལ་ཉེ་བའི་རྩངས་པ་སྒལ་རལ་གྱི་རིགས་ཁྱབ་ཚུལ་དང་དེའི་འཚོ་སྡོད་ཀྱི་ཁྱད་ཆོས་ལ་བརྟག་དཔྱད་དང་ཚད་འཇལ་སོགས་ཀྱི་ལས་དོན་ཚུད་ཡོད།

    སྨར་ཁམས་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། བོད་ལྗོངས་དང་། སི་ཁྲོན། ཡུན་ནན་བཅས་ཞིང་ཆེན(རང་སྐྱོང་ལྗོངས)གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་ཐོན་མང་བའི་ས་ཁོངས་32ཀྱི་གྲས་ཤིག་ཡིན་ཞིང་། ས་ཁོངས་དེའི་སྐྱེ་དངོས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དེ་ནི་ཚན་ཞིབ་ལས་དོན་པས་ཡུན་རིང་ཚན་རིག་རྟོག་ཞིབ་ཀྱི་སྙིང་སྟོབས་ལག་ལེན་བསྟར་ཡུལ་ཞིག་ཡིན་ལ། ཞིབ་འཇུག་མི་སྣས་གཙོ་གནད་དོ་ཁུར་བྱ་ཡུལ་དང་ཞིབ་འཇུག་བྱ་ཡུལ་གལ་ཆེན་ཁྱབ་ཚུལ་ཞིག་ཀྱང་རེད། ད་ཐེངས་ཚན་རིག་དང་མཐུན་པའི་ངང་རྟོག་ཞིབ་བྱས་པ་བརྒྱུད་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱས་ནས་ས་ཁོངས་དེའི་དམིགས་སའི་རང་བཞིན་གྱི་སྐྱེ་དངོས་སྲུང་སྐྱོང་ལ་རྨང་གཞིའི་གྲངས་གཞི་དང་ཚན་རིག་དང་མཐུན་པའི་འདེགས་སྐྱོར་གྱི་གཞི་འཛིན་ས་མཁོ་འདོན་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།