དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ་སྨན་ཁང་གི་ཞིབ་འཇུག་དཔྱད་རྩོམ་ཡོ་རོབ་འཇུ་བྱེད་ནད་གཟའ་འཁོར(UEGW)ཚོགས་ཆེན་གྱིས་བསྡུ་ཉར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-08

    ཉེ་ཆར། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ་སྨན་ཁང་གི་འཇུ་བྱེད་ཚན་ཁག་གི་སྨན་པ་ཧོན་ཧུའེ་ཡི་ཕོ་བ་དང་རྒྱུ་མའི་ནད་སྐོར་གྱི་ཞིབ་འཇུག་དཔྱད་རྩོམ《LBSཡི་ནད་པ་བོད་རིགས་དང་རྒྱ་རིགས་ཀྱི་ནད་ཐོག་སྨན་བཅོས་ཀྱི་ནད་རྟཌ་དང་རྒྱུ་མའི་འབུ་ཕྲའི་ཁྱུ་ཚོཌ་ཀྱི་ཁྱད་པར》ཡོ་རོབ་འཇུ་བྱེད་ནད་གཟའ་འཁོར(UEGW)ཚོགས་ཆེན་སྐབས་31པས་བསྡུ་ཉར་བྱས་པ་རེད།

    ཕོ་སྐྲངས་ནད(LBS)ནི་ནད་གཞི་ཐོན་ཚད་མཐོ་བའི་རྒྱུ་མའི་ནད་ཅིག་ཡིན་པ་དང་། དེའི་ནད་རྟགས་ནི་གྲོད་ཁོག་ན་བའམ་སྐྲངས་པ་མ་ཟད། བཙོག་པ་གཏོང་བའི་གོམས་གཤིས་འཁྲུག་པའི་ནད་རྟགས་མངོན་གྱི་ཡོད། ནད་འདི་བཅོས་དཀའ་ལ་ནད་ལོག་རྒྱག་སླ་པོ་ཡོད་པས། ནད་པའི་འཚོ་བའི་སྤུས་ཚད་དང་སྤྱི་ཚོགས་ཀྱི་བྱེད་ནུས་ལ་ཤུགས་རྐྱེན་ངན་པ་བཟོ་སླ་བ་མ་ཟད། རྒྱུ་མའི་འབུ་ཕྲའི་ཁྱུ་ཚོགས་ཀྱི་འགྱུར་ལྡོག་གིས་ཕོ་སྐྲངས་ནད་སློང་གི་ཡོད། ཧོན་ཧུའེ་ཡི་དཔྱད་རྩོམ་ནང་བོད་རིགས་དང་རྒྱ་རིགས་ཀྱི་ཕོ་སྐྲངས་ནད་ཀྱི་ནད་པའི་རྒྱུ་མའི་འབུ་ཕྲའི་ཁྱུ་ཚོགས་ཀྱི་ཁྱད་པར་ལ་ཐོག་མར་བསྡུར་བ་བྱས་པ་མ་ཟད། ནད་རྟགས་མི་འདྲ་བ་དང་འབུ་ཕྲ་མང་ཚད་ཀྱི་འབྲེལ་ཡོད་ཆ་ཤས་ལ་དབྱེ་ཞིབ་དང་བསྡུར་བ་ཡང་བྱས་ཡོད། ཞིབ་འཇུག་ལས་མངོན་དོན། བོད་རིགས་ཀྱི་ཕོ་སྐྲངས་ནད་པ་དང་རྒྱ་རིགས་ཀྱི་ནད་པའི་ཁྱད་ཆོས་མི་འདྲ་བ་མ་ཟད། ནད་རྟཌ་དེ་ནད་ཐོག་སྨན་བཅོས་ཐད་ནས་མངོན་པ་དང་། རྒྱུ་མའི་འབུ་ཕྲའི་ཁྱུ་ཚོགས་ཀྱི་ཁྱད་ཆོས་ཐད་ནས་ཀྱང་མངོན་གྱི་ཡོད། ཕོ་སྐྲངས་ནད་ཕོག་པའི་བོད་རིཌ་ཀྱི་ནད་པར་ཕོ་བ་སྐྲངས་སླ་པོ་ཡོད། དེ་ནི་རྒྱུ་མའི་སྐྱེ་དངོས་ཕྲ་རབ་ཀྱི་ཁྱུ་ཚོཌ་ཐོན་སླ་བའི་རྒྱུ་རྐྱེན་ཡིན། ཞིབ་འཇུག་དེར་ཡོ་རོབ་འཇུ་བྱེད་ནད་གཟའ་འཁོར(UEGW)ཚོགས་དོན་ཚོགས་ཆུང་གི་ཁས་ལེན་ཐོབ་ཡོད།

    ཉེ་བའི་ལོ་ཤས་རིང་། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ་སྨན་ཁང་གི་འཇུ་བྱེད་ཚན་ཁག་གིས་རྨང་གཞི་དང་ནད་ཐོག་གི་ཞིབ་འཇུག་རབ་དང་རིམ་པ་བྱས་པས་རིག་ཚན་གྱི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་མ་ཟད། རིག་གཞུང་ཁྱབ་ཁོངས་ཀྱང་སྔར་བས་རྒྱ་ཆེར་ཕྱིན་ཡོད། སྨན་ཁང་དེས་གོ་སྐབས་དེར་དམ་འཛིན་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་རིག་གཞུང་གི་འདུ་ཤེས་བསྡུ་ལེན་བྱས་ཏེ། རིག་གཞུང་གྲུབ་འབྲས་གསར་ཤོས་ནད་ཐོག་སྨན་བཅོས་ཀྱི་ལས་དོན་ཁྲོད་བཅུག་ནས་ནད་པར་ཞབས་འདེགས་དེ་བས་ལེགས་པ་ཞུ་གི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཡོ་རོབ་འཇུ་བྱེད་ནད་གཟའ་འཁོར་ནི་འཛམ་གླིང་འཇུ་བྱེད་བདེ་ཐང་ཁྱབ་ཁོངས་ཀྱི་དབང་གྲགས་ལྡན་པའི་རྩ་འཛུགས་ཡིན་པའི་ཡོ་རོབ་མཉམ་འབྲེལ་ཕོ་རྒྱུའི་ནད་སློབ་ཚོགས(UEG)ཀྱིས་གཙོ་གཉེར་བྱས་པ་དང་། དེ་ནི་ཡོ་རོབ་འཇུ་བྱེད་ནད་ཁྱབ་ཁོངས་ཀྱི་གཞི་ཁྱོན་ཆེ་ཤོས་དང་མིང་གྲགས་ཆེ་ཤོས་ཀྱི་ཚོགས་འདུའི་གྲས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།