མོ་ཞི་ཁོ་ཡིས་གྲོང་ཁྱེར་47རྒྱ་མཚོའི་རླུང་འཚུབ“ཨའོ་ཏི་སིའི”གེགས་ཁུལ་ཁོངས་སུ་བཅུག་པ།
ཟླ་11ཚེས་2ཉིན་མོ་ཞི་ཁོ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་སྤྱི་བསྒྲགས་སྤེལ་ནས་མོ་ཞི་ཁོའི་ལྷོ་རྒྱུད་ཀྱི་ཀེ་ལེ་ལུའོ་ཀྲོའུ་ཡི་གྲོང་ཁྱེར་47ལ་རྒྱ་མཚོའི་རླུང་འཚུབ“ཨའོ་ཏི་སིའི”ཤུགས་རྐྱེན་ཕོག་ནས་གེགས་ཁུལ་གྱི་ཁོངས་སུ་བཅུག་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། སྤྱི་བསྒྲགས་ནང་གྲོང་ཁྱེར་དེ་དག་ལ་རྒྱ་མཚོའི་རླུང་འཚུབ་ལས་བྱུང་བའི་ལྷགས་པ་ཆེན་པོ་དང་། དྲག་ཆར། ཆུ་ལོག་བཅས་ཀྱི་ཤུགས་རྐྱེན་ཕོག་པས་གེགས་ཁུལ་གྱི་གྲས་སུ་བཅུག་ཡོད། དེའི་ནང་ཨ་ཁཱ་ཕུར་ཁོ་དང་ཀྲོའུ་ཧྥུའུ་ཆིར་ཧྥན་ཤིན་ཀེ་སོགས་གྲོང་ཁྱེར་གཙོ་བོ་དང་དེ་བཞིན་གནོད་འཚེ་ཚབས་ཆེ་ཙམ་ཕོག་པའི་གྲོང་ཁྱེར་འབྲིང་ཆུང་ཚུད་ཡོད་ཅེས་བརྗོད་ཡོད། འདི་ནི་ཟླ་11ཚེས་2ཉིན་མོ་ཞི་ཁོའི་ཨ་ཁཱ་ཕུར་ཁོ་ནས་པར་བླངས་པའི་རྒྱ་མཚོའི་རླུང་འཚུབ“ཨའོ་ཏི་སེས”གཏོར་སྐྱོན་བཏང་བའི་སྐྲུན་དངོས་ཡིན་པ།