རྒྱལ་ཁབ་རྒྱལ་སྤྱི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡིས་བསྟན་དོན།
ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལར་ས་ཡོམ་གེགས་སྐྱོབ་ཀྱི་མི་ཆོས་རིང་ལུགས་ཀྱི་ཛ་དྲག་རོགས་སྐྱོར་བྱེད་འདོད་ཡོད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་རྒྱལ་ཁབ་རྒྱལ་སྤྱི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཞུས་ཝེ་ཡིས། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལའི་ནུབ་རྒྱུད་ས་ཁུལ་གྱི་ས་ཡོམ་ཁྲོད་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཕོག་པར་སེམས་གསོ་འཚམས་འདྲི་དང་དོ་ཁུར་བྱ་རྒྱུ་དང་། ནེ་པ་ལ་སྲིད་གཞུང་དང་གནོད་འཚེ་ཕོག་མཁན་གྱི་དགོས་མཁོ་ལྟར་མི་ཆོས་རིང་ལུགས་ཀྱི་ཛ་དྲག་རོགས་སྐྱོར་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།