ཕོ་ལན་གྱི“ཀྲུང་གོའི་གློག་བརྙན་དུས་ཆེན”ཧྭ་ཧྲ་རུ་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧྭ་ཧྲ་ནས་ཟླ་11ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་2023ལོའི་ཕོ་ལན་གྱི“ཀྲུང་གོའི་གློག་བརྙན་དུས་ཆེན”ཕོ་ལན་གྱི་རྒྱལ་ས་ཧྭ་ཧྲའི་རིག་གནས་གློག་བརྙན་ཁང་དུ་འགོ་ཚུགས་ཤིང་། ཀྲུང་གོ་དང་ཕོ་ལན་རྒྱལ་ཁབ་གཉིས་ཀྱི་ལས་རིགས་ཁག་གི་མི་200ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
ཕོ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་སུན་ལིན་ཅང་གིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་དང་ཕོ་ལན་དབར་ཕྱི་འབྲེལ་བཙུགས་ནས་ལོ་74འཁོར་རིང་རྒྱལ་ཁབ་གཉིས་པོའི་གློག་བརྙན་དང་སྒྱུ་རྩལ་སྤེལ་རེས་ཀྱིས་ཀྲུང་གོ་དང་ཕོ་ལན་དབར་གྱི་མི་ཆོས་རིག་གནས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། དམངས་སེམས་གཅིག་མཐུན་ཟབ་ཏུ་གཏོང་བ། སྲོལ་རྒྱུན་གྱི་མཛའ་གྲོགས་བརྟན་དུ་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད། སྐབས་འདིའི“ཀྲུང་གོའི་གློག་བརྙན་དུས་ཆེན”གཉེར་བ་བརྒྱུད། ཕོ་ལན་གྱི་ལྟད་མོ་བས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་ཤེས་རྟོགས་དང་ཀྲུང་གོར་རྒྱུས་མངའ་ལོན་པར་བྱས་ཏེ་ཀྲུང་གོ་དང་ཕོ་ལན་གྱི་གློག་བརྙན་སྤེལ་རེས་དང་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གཅུགས་ཟབ་ཏུ་གཏོང་བ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བར་གསོན་ཤུགས་གསར་པ་སྣོན་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།