དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་པོའི་ཁུལ་དུ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་རིགས་82བར་མང་དུ་སོང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-07

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པ་ལྟར་ན། ཉེ་ཆར《མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་མིང་གཞུང》ལ་རིགས་གཅིག་མཁས་ཅན་གྱིས་ཞིབ་དཔྱད་དང་བཟོ་བཅོས་བརྒྱབ་རྗེས་ཚང་མ་གསར་པ་བཟོས་ཟིན་ཞིང་། གསར་དུ་ལེགས་སྒྲིག་བྱས་པའི་མིང་གཞུང་ནང་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་ཀྱི་རིགས་དེ་སྔའི་72ནས་ད་ལྟའི་རིགས་82བར་མང་དུ་སོང་ཡོད་པ་རེད།

    གསར་དུ་ལེགས་སྒྲིག་བྱས་པའི་མིང་གཞུང་ལྟར་ན། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་མང་དུ་སོང་བའི་ཁྲོད་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་ཀྱི་རིགས་དེ་སྔའི་རིགས་19ནས་ད་ལྟའི་རིགས་22བར་མང་དུ་སོང་བ་དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་ཀྱི་རིགས་དེ་སྔའི་53ནས་ད་ལྟའི་རིགས་60བར་མང་དུ་སོང་ཡོད། གཞན་ཡང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་རྩི་ཤིང་གི་རིགས་12ཟིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མིང་གཞུང་ལ་བཟོ་བཅོས་རྒྱག་སྐབས་གཙོ་གནད་དུ་མཚོ་སྔོན་པོའི་འདབ་ཆགས་རིགས་ཀྱི་མིང་གཞུང་ལེགས་སྒྲིག་བྱས་པ་དང་། དེ་སྔའི་མིང་གཞུང་ནང་གི་རིགས་རྒྱུད་སྐོར་ལ་དོགས་གནད་ཡོད་པ་རྣམས་མེད་པར་བཟོས་པ་དང་། ཉེ་བའི་ལོ་ཤས་རིང་ལྟ་ཞིབ་ཚད་ལེན་ཐུབ་པའི་ཟིན་ཐོར་བཀོད་པའི་རིགས་གསར་པ་བསྣན་ཞིང་། འདབ་ཆགས་རིགས་ཀྱི་གྲངས་འབོར་དེ་སྔའི་རིགས་232ནས་ད་ལྟའི་རིགས་281བར་མང་དུ་སོང་ཞིང་། དེའི་ནང་འདམ་རའི་སྟོན་ཕྱོགས་རང་བཞིན་གྱི་རིགས་ཏེ་ཆུ་བྱའི་རིགས་101བར་མང་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།